| | e-texts navigator
|
386b1 ཉིད་ཀྱི་སྐུ་ལུས་ཀྱི་འོད་ཀྱིས་གསེར་གྱི་བཅུད་ཀྱི་གོང་བུ་ལྟ་བུ་དང་མཚུངས་པ་དང་། ནགས་ཚལ་གྱི་བར་དུ་སྣང་བར་མཛད་ཅིང་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་པ་སངས་རྒྱས་ཀྱི་དཔལ
386b2 ཟླ་མེད་ཅིང་མཚུངས་པ་མེད་པ་རྒྱལ་བྱེད་འཚལ་གྱི་ནང་དུ་བྱོན་ནོ། །དེ་ནས་མགོན་མེད་ཟས་བྱིན་གྱིས་ཞུས་པ། བཙུན་པ། གཙུག་ལག་ཁང་འདི་ཇི་ལྟར་བུ་ལ་དབུལ་བར་གྱི། ཁྱིམ
386b3 བདག། གཙུག་ལག་ཁང་འདི་འོང་བ་དང་། འགྲོ་བའི་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཅིག་།ལེགས་སོ། །བཅོམ་ལྡན་འདས་ཞེས་ཚོང་དཔོན་ཆེན་པོས་གསེར་གྱི་རིལ་བ་སྤྱི་བླུགས
386b4 བླངས་ནས་སྟོབས་བཅུ་པའི་ཕྱག་ཏུ་ཆུ་བསྒྲེངས་ཏེ། རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་འདིའི་འགྲོ་བ་དང་།འོངས་པའི་ཕྱོགས་བཞིའི་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན
386b5 ཞེས་ཕུལ་ལོ། །སྟོན་པས་གཙུག་ལག་ཁང་བཞེས་ནས་རྗེས་སུ་ཡི་རང་བ་མཛད་དོ། །གྲང་དང་དྲོ་བས་མི་ཉམས་ཤིང་། །དེ་ལྟར་རི་དྭགས་ལ་སོགས་པའི། །སྡིག་སྦྲུལ་དང་ནི་སྦྲང
386b6 བུ་དང་། །བ་མོ་དང་ནི་ཆར་པས་སོ། །དེ་ལྟར་རླུང་དང་ཤིན་ཏུ་དྲོ། །སོ་སོར་ལུས་ལ་གོས་པ་དང་། །ཁང་ནང་གནས་ནས་བདེ་བ་སྐྱེས། །ཁང་བར་བསམ་གཏན་ལྷག་མཐོང
386b7 རྣམས། །དགེ་འདུན་གཙུག་ལག་ཁང་འབུལ་བ། །སངས་རྒྱས་མཆོག་གིས་བསྔགས་པར་མཛད། །སྐྱེས་བུ་མཁས་པས་དེ་ཡི་ཕྱིར། །བདག་ཉིད་ཀྱི་ནི་ཕྱིར་དུ་ནི། །དགའ
iiif viewer powered by OpenSeadragon
386a - 387a