| | e-texts navigator
|
274b1 ཏིག་ལ་སོགས་པས་གང་བ་རྣམས་སྒོར་བཏོན་ཏེ། གཞོན་ནུ་འདི་རྣམས་མའི་ནོར་ཡིན་ནོ། །འདི་རྣམས་ཕའི་ནོར་ཡིན་ནོ། །འདི་དག་ནི་མེས་པོ་དང་། ཡང་མེས་ཀྱི་ནོར་ཡིན་ནོ། །
274b2 རིགས་བདུན་རྒྱུད་ཀྱི་བར་གྱི་ནོར་ཡིན་ནོ་ཞེས་སྨྲས་སོ། །འདི་རྣམས་སོ་སོར་བསྐྱང་བའི་ཕྱིར་སྨྲས་པ་ཡིན་ནོ། །མཁས་པ་བློ་གྲོས་བཟང་པོས་བསམས་པ། འདིའི་ནོར་རྣམས
274b3 བཟུང་ནས་བདག་གི་ཕ་དང་། མེས་པོ་ལ་སོགས་པས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ན་གསེར་སེ་བ་ཅིག་ཀྱང་ཁྱེར་ནས་མ་སོང་གི་།བདག་ཉིད་ཀྱིས་ཁྱེར་ནས་འགྲོ་བར་རིག
274b4 བར་བྱའོ་ཞེས་རྒྱལ་པོ་ལ་སྨྲས་ནས། གྲོང་ཁྱེར་དུ་རོལ་མོ་བསྒྲགས་ཏེ། སྐྱེ་པོ་ཐམས་ཅད་ལ་སྦྱིན་པར་བྱིན་ནས། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ངོ་། །འདིའི་ཡང
274b5 དོན་གསལ་བར་བྱ་བའི་ཕྱིར་གནས་འདིར་བློ་གྲོས་བཟང་པོས་གཏམ་བྱས་སོ། །དེ་ཡང་འདི་ཙམ་འབའ་ཞིག་མ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུར་རྒྱུན་མི་འཆད་བར་གསུངས་ལ།
274b6 སླར་ཡང་ཚིགས་སུ་བཅད་པས་བཅིངས་ཏེ་བཤད་ཀྱང་གོ་དཀའ་བས་དེ་དང་། དེའི་བར་བར་དུ་ཚིགས་སུ་བཅད་པའི་ཚིག་གིས་གསལ་བ་དང་བཅས་པ་བཤད་པར་བྱའོ། །
274b7 བསྐལ་པ་གྲངས་མེད་བཞི་དང་། བསྐལ་པ་འབུམ་ཕྲག་གཅིག་ལྷག་པ་ནས་མགོ་བརྩམས་ནས་སྒྲ་བཅུ་རྒྱུན་མི་འཆད་པར་འཇིགས་མེད་ལྡན་གྱི་གྲོང་ཁྱེར་དེར་བྱུང་ངོ་། །དེའི
iiif viewer powered by OpenSeadragon
274a - 275a