e-texts navigator
Collection
Volume
Page
Wylie

273b1 བུར་གྱུར་ཅིག། །།སྐྱེས་པ་རབས་ཀྱི་གླེང་གཞི། རྒྱ་གར་སྐད་དུ། ཛཱ་ཏ་ཀ་ནི་དཱ་ནཾ། བོད་སྐད་དུ། སྐྱེས་པ་རབས་ཀྱི་གླེང་གཞི། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག
273b2 འཚལ་ལོ། །བཅོམ་ལྡན་འདས་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི་ཐད
273b3 དུ་སོང་ནས། ཕྱག་རྒྱས་ཏེ་བསྐོར་བ་བྱས། ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱི་ཐད་དུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི་སངས་རྒྱས་བཅོམ་ལྡན
273b4 འདས་ཀྱི་རྒྱུད་ཀྱི་ཆོས་ཐོས་པར་འཚལ་ལོ། །བཀའ་སྩལ་པ། དོན་མཐོང་། ཡིད་ལ་ཟུངས་ཤིག་དང་། ངས་བཤད་པར་བྱའོ། །ཞེས་འབྱུང་ངོ་། །དེ་ཡང་འདིར་སྡུད་པར་བྱེད
273b5 པ་པོ་རབ་ཏུ་རྟོག་པའི་ཤེས་རབ་དང་། ཞི་བའི་དགྲ་བཅོམ་པ་རྣམས་ཀྱི་སྐྱེས་བ་རབས་ཀྱི་གླེང་གཞིའི་དོན་གྱི་བསྔགས་པ་བརྗོད་དོ། །རིང་བྱའི་གླེང་གཞི་དང་། བར་པའི་གླེང་གཞི
273b6 དང་། ཉེ་བའི་གླེང་གཞི་སྟེ། གླེང་བཞི་གསུམ་པོ་འདི་གཟིགས་ནས་བསྔགས་པ་གང་ཞིག་ཉན་པའོ། །དུ་ཁ་དང་པོའི་ཞིག་དེ་རྣམས་གྱི་གླེང་གཞི་ཡོངས་སུ་བཅད་པ་རྣམས
273b7 རིག་པར་བྱའོ། །མར་མེ་མཛད་གྱི་ཞབས་གྱི་དྲུང་འདིར་སེམས་དཔའ་ཆེན་པོས་སྨོན་ལམ་བཏབ་བོ། །ཇི་སྲིད་ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་། དགའ་ལྡན




iiif viewer powered by OpenSeadragon

273a - 274a

Texts on this page

H32 - chos kyi 'khor lo rab tu bskor ba'i mdo
H33 - skyes pa rabs kyi gleng gzhi