| | e-texts navigator
|
273a1 ཆོས་བསྟན་པ་ཐོས་ནས་ལྷ་རྣམས་རང་རང་གི་གནས་སུ་སོང་ངོ་། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ།
273a2 ཀུན་ཤེས་པའི་ཕྱིར་ཀཽ་ཎྜི་ནྱའོ། །ཀུན་ཤེས་པ་རྣམས་ཀྱིས་ཀཽཎྜི་ནྱའོ། །དེའི་ཕྱིར་འདི་ནི་ཚེ་དང་ལྡན་པ་ཀཽཎྜི་ནྱ་སྟེ། ཀུན་ཤེས་ཀཽཎྜི་ནྱ་ཞེས་བྱ་བའི་མིང་ཐོབ་བོ། །ཆོས་ཀྱི
273a3 འཁོར་ལོ་བསྐོར་བའི་མདོ་རྫོགས་སོ། ། །།སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་། གཙུག་ལག་གཉིས་ལ་ཐུགས་ལེགས
273a4 པར་བྱང་བ། དཔལ་འབྱོར་དབང་ཕྱུག་དམ་པ་དཀར་ཕྱོགས་ཀྱི་ཟླ་བ་ལྟར་འཕེལ་བའི་ཞ་ལུ་བ་སྐུ་ཞང་གྲགས་པ་རྒྱལ་མཚན་དུ་དབེན་ཤའི་བཀའ་ལུང་གིས་བྱང་ཆུབ་ཀྱི
273a5 སྙིང་པོ་རྡོ་རྗེའི་གདན་ལས། ལྷོ་ཕྱོགས་སུ་དཔག་ཚད་དྲུག་བརྒྱ་ཙམ་བགྲོད་པའི་གནས་སིཾ་གྷ་གླིང་བ་བྲམ་ཟེའི་རིགས་ལས་ལེགས་པར་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས
273a6 པ་སྡེ་སྣོད་གསུམ་ལ་ཐུགས་ལེགས་པར་བྱང་བའི་པཎྜི་ཏ་ཆེན་པོ་ཨཱ་ནནྡྷ་ཤྲིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ
273a7 བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་བ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟ
iiif viewer powered by OpenSeadragon
272b - 273b