e-texts navigator
Collection
Volume
Page
Wylie

268a1 འདི་མན་མདོ་ཚན་བཅུ་གསུམ་སྣར་ཐང་བར་དུ་མདོ་ཨ་པའི་གཤམ་དུ་ཡོད་ཀྱང་། སྡེ་དགེར་གསར་འགྱུར་མདོ་རྣམས་ཤེར་ཕྱིན་དུ་གཏོགས་པ་མ་ཡིན་མོད་ཀྱི། ཕྱིས་འགྱུར་བ་རྣམས་ཕྱོགས་གཅིག་ཏུ་གླེགས
268a2 བམ་འདིའི་གཤམ་དུ་བཀོད་འདུག་ཅིང་། ཐེག་པ་ཆེ་ཆུང་གང་ཡིན་དང་། སྔ་འགྱུར་དང་ཟློས་པ་ཡོད་མེད་སོགས་ཀྱང་མ་བརྟགས་བར་བཞག་པ་སྣང་བ་བཞིན་བྱས་ཞེས་གསུངས་པ་ལྟར། འདིར་ཡང་པོ་དགྲ་མཚུངས་ཆེད་འདིར་བཞུགས།། །།
268a3 རྒྱ་གར་སྐད་དུ། དྷརྨ་ཙཀྲ་པྲ་བརྟན་སཱུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པར་ཕྱག
268a4 འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་ར་ཎཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་རྒྱུ་བའི་གནས་ན་བཞུགས་སོ། །
268a5 དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་བོས་ཏེ་བཀའ་སྩལ་པ། དགེ་སློང་དང་། རབ་ཏུ་བྱུང་བདག་།མཐའ་གཉིས་པོ་འདི་ལ་གནས་པར
268a6 མི་བྱའོ། །གང་སུ་དག་འདིར་འདོད་པ་རྣམས་དང་། བདེ་བ་ལ་ཞེན་པ་ནི་མི་རིགས་པ་དང་། དམན་པར་འགྱུར་རོ། །སོ་སོའི་སྐྱེ་བོ་རྣམས་ནི་དོན་མེད་པ་དང་ལྡན
268a7 པའི་ཕྱིར། གང་སུ་དག་ལུས་དུབ་པ་དང་། འབྲལ་བའི་སྡུག་བསྔལ་བསྔགས་པར་བྱ་བ་མ་ཡིན་པ་རྣམས་ཀྱིས་དོན་མེད་པ་དང་ལྡན་ནོ། །དགེ་སློང་དག་།འདི




iiif viewer powered by OpenSeadragon

267b - 268b

Texts on this page

H32 - chos kyi 'khor lo rab tu bskor ba'i mdo