| | e-texts navigator
|
248b1 མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད། སངས
248b2 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་བཞེས་པ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་པྲ་ཛྙཻ་པྲ་ཛྙཻ་མཧཱ་པྲ་ཛྙེ་པྲ་ཛྙཱ་ཨ་བ་བྷ་སེ། པྲ་ཛྙཱ་ཨ་ལོ་ཀ་ཀ་རེ། ཨད་ཛྙཱ་ན་བིདྱ་མ་ནེ། སིདྡྷེ
248b3 སུ་སིདྡྷེ། སིདྡྷྱ་མ་ནེ། བྷ་ག་བ་ཏི། སརྦཾ་ག་སུནྡྷ་རི། བྷ་ག་བ་ཏེ། བད་ས་ལི། པྲ་ས་རི་ཏ་ཧ་སྟེ། ས་མཱ་སྭ་ས་ཀ་རི། ཏིཥྛཱ་ཏིཥྛཱ། ཀམྤ་ཀམྤ། ཙ་ལ་ཙ་ལ། རཱ་བ་རཱ་བ། གརྫྫ་གརྫྫ། ཨ་གཙྪ
248b4 ཨ་གཙྪ། བྷ་ག་བ་ཏི། མ་བི་ལམྦ་སྭཱཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གཟུང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན། དེའི
248b5 ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ། །དུས་གསུམ་གྱི་དེ
248b6 བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པ་གཟུང་བར་འགྱུར་རོ། །གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱང་གཟུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ
248b7 དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།རྒྱ་གར་སྐད་དུ།
iiif viewer powered by OpenSeadragon
248a - 249a