| | e-texts navigator
|
247b1 ལམ་ཡན་ལག་བརྒྱད་པ་སྟོན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང་། དབང་བཅུ་སྒྲུབ་པ་དང་། ས་བཅུ་ལ་གནས་པར་མཛད་པ་དང་། སྟོབས
247b2 བཅུ་ཡོངས་སུ་རྫོགས་པར་མཛད་པ་དང་། ཟད་པར་གྱི་སྐྱེ་མཆེད་བཅུས་མཛེས་པར་བྱས་པ་དང་། ཤེས་བ་བཅུ་སྒྲུབ་པ་དང་། བག་ལ་ཉལ་བ་བཅུའི་དགྲ་འཇིགས་པར་མཛད་པ་དང་།
247b3 བསམ་གཏན་རྣམས་སྒྲུབ་པར་མཛད་པ་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མཛད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད
247b4 པ་དང་། ཤེས་པ་ཐམས་ཅད་མཛད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ
247b5 སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ
247b6 ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ
247b7 ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མ་བྱུང་པ་དང་། མ་སྐྱེས་པ་དང་། མ་འགག་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ
iiif viewer powered by OpenSeadragon
247a - 248a