e-texts navigator
Collection
Volume
Page
Wylie

188b1 འབྱོར|་བྱང་ཆུབ་སེམས་དཔས་གཟུགས་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་དོན་གསུམ་གྱིས
188b2 བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་བདག་མེད་པའི
188b3 དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས
188b4 དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་དོན་གསུམ་གྱིས་མྱ་ངན་ལས
188b5 འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད
188b6 པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར
188b7 བྱའོ|་|བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གནས་བརྟན་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་།




iiif viewer powered by OpenSeadragon

188a - 189a

Texts on this page

H16 - 'phags pa shes rab kyi pha rol tu phyin pa lnga brgya pa