e-texts navigator
Collection
Volume
Page
Wylie

164a1 སྟེ|་སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། དེ
164a2 ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ། སྒྲིབ་པར་བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་རྣམས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ
164a3 ཡུན་རིང་པོར་རྒ་ཤི་མྱོང་ངོ་། །མཁས་པ་རྣམས་ཀྱིས་ནི། གཟུགས་དེ། དེ་ལྟར་ལེའུ་གསུམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། མངོན་པར་ཞེན་པར་མི་བྱེད་ཅིང་། མངོན
164a4 པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་དོ། །མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར
164a5 ན|་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་པར་མི་བྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་ཀྱི། གསལ་བར་བྱེད་པས་འདི་ལྟ
164a6 སྟེ|་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་རྣམས་དང་། ལྷ་དང་། མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས
164a7 དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་།




iiif viewer powered by OpenSeadragon

163b - 164b

Texts on this page

H16 - 'phags pa shes rab kyi pha rol tu phyin pa lnga brgya pa