| e-texts navigator |
| Wylie |
7b1 ཕུལ་ལོ།། རྣམ་ཐོས་སྲས་ཀྱིས་སེང་གེའི་སྣ་ཆ་བུའོ།། ནམཁའི་ལྷ་ཕྲན་གྱིས་དྲིལ་བུའི་རྒྱལ་མཚན་ཕུལ་ལོ།། སྲིན་མོ་དང་། ཤ་ཟ་མོ་རྣམས་ཀྱིས་ཐོད་འཕྲེང་དང་ཁྲག་གི
7b2 བརྒྱན་བྲིས་སོ།། ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ་ལོ།། ལྷ་མོ་ནག་མོ་དེ་འཇིག་རྟེན་གྱིས་སུམ་ན་འདྲན་པའི་ཟླ་མེད་པའི་མཐུ་རྩལ་ཅན་དུ་གྱུར་ཏོ།། དེ་ནས་བརྒྱ་བྱིན
7b3 གྱིས་གསོལ་པ།། ཀྱེ་བཅོམ་འདས་གསང་བའི་བདག་པོ་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་དང་པོའི་ལྕི་བུ་མོར་གྱུར་པ་དང་།། བར་དུ་སྲིན་མེའི་རླུང་མར་གྱུར་པ་དང་།
7b4 ད་ལྟའི་འདོད་པའི་ཁམས་ཀྱི་དབང་ཕྱག་མར་གྱུར་པ་འདི་སྔོན་གྱི་རྒྱ་རྐྱེན་ཅི་ལས་གྱུར་པ་ལགས། ཞེས་གསོལ་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྒྱ་བྱིན་ཉོན་ཅིག། ད་ལྟར
7b5 གྱི་ལྷ་མོ་ནག་མོ་འདི་ནི། སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ། ལྷ་མེ་ལོང་གདོང་དུ་གྱུར་ནས་དགེ་བ་བཅུ་ཤས་དག་སྤྱད་དོ།། དེ་ནས་སངས་རྒྱས་གསེར་ཐུབ་ཀྱི
7b6 བསྟན་པ་ལ།། ཤ་ཟ་རལ་པ་ཅིག་པར་གྱུར་སྟེ། ཞེ་སྡང་རང་དགའ་སྤྱད་དོ།། དེ་ནས་འོད་བསྲུང་གི་བསྟན་པ་ལ། ལྷ་མོ་ཤ་ཟ་བ་རིར་གྱུར་ཏེ། དུས་དེ་ཙམ་ན། ཤཱཀྱ་ཐུབ
7b7 པ་འདི་དགེ་སློང་དབང་ཕྱུག་དཔའ་བོར་གྲགས་སོ།། ལྷ་མོ་ཤ་པ་རི་མཆོད་གནས་བྱས་ཤིང་སྡིག་པ་བཤེགས་ཏེ། སྨོན་ལམ་ཅིག་ཏུ་བཏབ་བོ།། བརྒྱ་བྱིན་ཉོན་ཅིག།
7b8 ད་ལྟར་ལྷ་མོ་ནག་མོ་འདི་ལ་སངས་རྒྱས་གསུམ་གྱི་རྣམ་པར་སྨིན་པ། ཤཱཀྱ་ཐུབ་པའི་བསྟན་པ་ལ་དུས་ཅིག་ཏུ་སྨིན་ནོ།། ལྷ་མོ་འདི་དང་པོ་མ་ཧཱ་དེ་བའི་བུ་མོར་སྐྱེས