e-texts navigator
Collection
Volume
Page
Wylie

6b1 ལྷ་མོ་ནག་མེ་རེ་མ་ཏི་ཞེས་བཏགསོ།། འདོད་ཁམས་འདུལ་བའི་མཐུ་མེ་ཆེར་དབང་བསྐུར།། བསྟན་པའི་བསྲུང་མར་གཉེར་གཏད་དོ།། ལྷ་མོས་ཀྱང་བསྟན་པ་བསྲུང་བར
6b2 ཁས་བླངས་ཏེ་རང་གི་སྲོག་གི་སྙིང་པོ་ཨེ་ཀ་ཛ་ཏི་ལ་ཕུལ་ལོ།། ཨོཾ་རུ་རུ་རོ་རུ་བེ་ཏོ་བ་ཏེ་སཾ།། རུ་རུ་རོ་རུ་བེ་ཏི་སྟ་བ་ཏྲོ་སི་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛཿཅེས་ཕུལ་ལོ།། དེར་བདུད་ལམ
6b3 ང་འགེའུ་རི་དང་། རེ་ཤ་ཁ་དྷ་ཡང་བསྒྲལ་ལོ།། བདུད་ཀྱི་ལག་ཆ་ཁྲི་བཾ་ནག་མོ་ཁྲོགས་ནས། བོང་བུའི་རྔ་ཤ་ལ་བཏགསོ།། དེར་ལྷ་མོ་རེ་མ་ཏིས་སྲན་པོའི་ཡུལ་དུ་དམག
6b4 དྲངས་སྲིན་པོ་ཡག་ཤ་ཀོར་བསྒྲལ་ཏེ། སྲིན་པོའི་ཞོན་པ་བ་གླང་དམར་པོའི་ལྤགས་པ་གཡང་གཞིར་བཤུས་པ་རྣམས་ཀྱིས་ཕྱེད་བཀྲིས།། སྲིན་པོའི་གོས་རེ་ལྡེ་ནག་པོ
6b5 གོན་པ་བཤུས་པས། ལྷ་མོ་རང་གི་རྣམ་ཕྱེད་བཀྲིས། སྲིན་པོའི་ཡ་འགལ་བོང་བུའི་རྔ་རུ་བྱས། སྲིན་པོའི་སྐ་རགས་སྦྲུལ་གྱི་ཞགས་པ་ཕྲོགས་ཏེ་གོང་སླད་བྱས། བརྒྱ་བྱིན
6b6 ཉོན་ཅིག། དཔལ་ལྷ་མོ་ནག་མོ་འདིས།། རི་མ་ལ་ཡའི་རྩེ་མོ་རུ།། ཕྱག་ན་རྡོ་རྗེའི་བསྒྲུབ་པ་བྱས་པས།། ངའི་གྲུབ་པ་ཐོབ་ནས་ཞལ་མཐོང་སྟེ།། མང་ཡང་ཨརྱ་རེ་མ
6b7 ཏ་རི་བཏགས་སོ།། སངས་རྒྱས་སྟོང་གིས་དབང་བསྐུར་ནས།། ལས་ཀྱི་ལྷར་བྱིན་གྱིས་བརླབས་སོ།། ལྷ་མོ་ནག་མོས་ཀྱང་ཕྱག་ན་རྡོ་རྗེ་ལ་རང་གི་སྙིང་པོ་ཕུལ་བ། ཨོཾ
6b8 རུ་རུ་བེ་ཏི་སྟ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛཿཞེས་ཕུལ་ཏེ་ཆོས་སྐྱོང་བར་ཁས་བླངས་སོ།། དེ་ནས་ལྷ་མོ་འདིས་གསང་བའི་གནས་སུ་དུར་ཁྲོད་རོ་ཏང་ནག་པོའི་མ




iiif viewer powered by OpenSeadragon

6a - 7a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba