e-texts navigator
Collection
Volume
Page
Wylie

6a1 ལྷ་མེ། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས། ལྷ་མོ་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ཀྱི
6a2 ཞབས་ལ་ཕྱག་འཚལ་ཏེ།། རང་གི་སྙིང་པོ་འདི་ཕུལ་ལོ།། ཏདྱ་ཐཱ། ཨོཾ་རུ་རུ་བི་ཏི་པཱ་བ་ཏེ་སི་རུ་རུ་བི་ཏི་སྟ་བ་ཏོ་སི་ཙ་པ་ལ་ཨུ་ཤུག་མེ་ཧཱུཾ་བྷྱོ་ཛཿཞེས་ཕུལ་ལོ།། དེ་ནས་བྱང་ཆུབ
6a3 ཏུ་སེམས་བསྐྱེད་ནས།། ལྷ་མོ་དེས་རི་ཕུག་ཟབ་མོ་ཅིག་ཏུ་ཕྱིན་པ་ལ། བྲམ་ཟེ་མཆོག་སྲིད་བསྒྲུབ་པ་བྱེད་པ་དང་འཕྲད་དོ།། ལྷ་མོ་ན་རེ་ཁྱོད་འདི་ན་ཅི་བྱེད་བྱས་པ་ལ། བྲམ་ཟེ་མཆོག
6a4 སྲིད་ན་རེ། སྔོན་ཡུལ་ཁམས་འདི་ཉིད་ན། དགེ་སློང་པོ་མོ་གཉིས་འདུལ་ཁྲིམས་ཉམས་པ་ལས། རྒྱལ་པོའི་བས་བསད་པ་ལས།། བདུད་ངན་ལམ་འགེའུ་རི་དང་། རོ་ཤོ་ཁ་དྷ
6a5 གཉིས་སུ་གྱུར་ཏེ། ཡུལ་འདི་ཡི་མིང་ཡོ་ཟད་པར་ཟོས་ནས། ད་ལྟ་ང་ལ་ཟ་རེས་བབ་པས། ང་ནི་བདུད་འདུལ་བའི་ཕྱིར་དུ་ཡུམ་ཨེ་ཀ་ཛ་ཏེ་རལ་ཅིག་མ་བསྒྲུབ་ཞེས་ཟེར་རོ།།
6a6 དུང་སྐྱོང་མ་ན་རོ། འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པར་བྱས་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་ནས། བྲམ་ཟེ་ན་རེ། ཁྱོད་དངོས་གྲུབ་ཅི་འདོད་པ་ཡིན་བྱས་པ་ལས།
6a7 ལྷ་མོ་ན་རེ། དེད་ནི་འདོད་པ་ཁམས་ཀྱི་དབང་མེ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་འགྲུབ་པར་འདོད་དོ་བྱས་པ་ལས། འོ་ན་བསྒྲུབ་པ་བྱའོ།། ཞེས་ཟེར
6a8 ནས་ལྷ་མོ་དུང་སྐྱོང་མ་དང་། བྲམ་ཟེ་མཆོག་སྲིད་གཉིས་ཡུམ་ཨེ་ཀ་ཛི་ཏི་རལ་ཅིག་མའི་ཞལ་མཐོང་ཅིང་གྲུབ་པ་ཐོབ་བོ།། ཡུམ་ཨེ་ཀ་ཛ་ཏིས་ལྷ་མོ་དུང་སྐྱོང་མའི་མིང་ནི།




iiif viewer powered by OpenSeadragon

5b - 6b

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba