| e-texts navigator |
| Wylie |
5a1 ལྷ་མོ། @#ཕུར་བ་ལྷ་ཡང་ནལ་ཕྲུག་སྦྲུམ་མོ།། དེར་ཁོང་དཔོན་གཡོག་གཉིས་ཀྱི་སྲིན་པོའི་བོང་བུ་རྐུས་ནས་ཞོན། འདའ་ཤ་འགྲི་བའི་རལ་གྲི་སྡིག་པ་ཅན་རྐུས་ནས་ལག
5a2 པ་གཡས་སུ་ཐོགས།། སྲིན་པོའི་ནོར་བུ་རིན་པོ་ཆེན་རྐུས་ནས། ནེའུ་ལེའི་སྐྱལ་པར་སྦས་ནས།། ལག་པ་གཡོན་དུ་ཐོགས་ནས་བྲོས་སོ།། ཕྱི་ནས་སྲིན་པོའི་དམག་གིས་བདས་ཀྱིས་དོགས
5a3 ནས། བོང་བུ་ཞོན་ནས་ཁ་ཕྱིར་ལྟས་སྟེ།། ཕྱིན་ནས་སྲིན་པོའི་བྱར་བྱེད་གྱི་ན་བྱིན་ནོ།། ཐ་མ་དུར་ཁྲོད་ཅིག་ཏུ་སླེབ་པས། སྐྱེས་པ་གཡུལ་དུ་གསད་པའི་རོ་ཅིག་དང་འཕྲད་དེ། བསྲེག
5a4 ནས་ཟ་འདོད་པ་ལ།། བརྩུགས་ཤིང་མེད་ནས།། རྒྱ་མཚོའི་འགྲམ་རྡོ་སོལ་གྱི་ཆར་ཕབ་ནས། མེ་འབར་བ་མཐོང་ནས། རྡོ་སོལ་གྱི་མི་སྤངས་ཏེ། ཤ་བསྲེགས་ནས་ཟོས་སོ།།
5a5 ཕྱི་ནས་ཁྱི་དཀར་པོ་ཅག་བྲེངས་པ་ཡང་བཤས་ནས་ཟོས་ཏེ་ལྤགས་པ་ལ་རྒྱལ་མཚན་བྱས་སོ།། དེའི་ཁོལ་མོ་ལ་ནལ་ཕྲུག་ཅིག་བྱུང་ངོ་། ཁོང་གཉིས་ཀྱིས་ནལ་ཕྲུག་གི་ཤ
5a6 ཡང་ཟོས་སོ།། དེར་རྗེ་མོས་བོང་བུ་ལ་ཞོན་ཁོལ་མོས་ཁྲིད་ནས།། རྒྱ་མཚོའི་ཁར་ཕྱིན་པ་ལས།། ལམ་ཁ་ན་བྱ་དེ་མོ་བདུན་བྱེད་པ་དང་ཕྲད་ནས། ནེ་མོ་ནག་པོ་ཅིག་བཟུང
5a7 ཐོགས་ཏེ།། རྒྱ་མཚོའི་ཁར་ཕྱིན་ནོ།། དེར་སྨོན་ལམ་བཏབ་པས་ཡང་ཚེ་འདི་པོས་མ་ཐག་ཏུ་སྔགས་ཀྱི་གྲུབ་པ་ཐོབ།། རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི།
5a8 དབང་ཕྱུག་མར་ཤོག་ཤིག། བྲན་མོ་ཕུར་པ་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་ཀ་མ་ལར་ཤོག་ཤིག།། བྱ་དེ་མོ་འདི་ཡང་ཚེ་རབས་ཐམས་ཅད་དུ་ངའི་ནོལ་སྐལ