e-texts navigator
Collection
Volume
Page
Wylie

4b1 གང་ན་འདུག་བྱས་པ་ལས། ཁོལ་མོ་ན་རེ་དེ་ནི་བདག་གི་ཞང་པོ་དྷ་ཤ་འགྲི་བ་ཡིན།། ཡུལ་ཡང་པུ་ར་ན་འདུག་ཟེར་བ་དང་།། དེར་ལྷ་མོ་དུང་སྐྱོང་མ་དབང་མེད་དུ་སྲིན་པའི་རླུང་མར་སོང་ངོ་།།
4b2 དེར་ལྷ་མོ་དབུ་མ་དེ་བས། བུ་མོ་དུང་སྐྱོང་མ་ལ་སློང་བོར་བ། ངའི་བུ་མོ་ཁྱོད་ཀྱང་ངས་གཅེས་པར་བྱས་ཏེ། ལྷའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ། སྲིན་པོའི་ཆུང་མར་སོང་བས།
4b3 དཔྱན་ཆད་དུང་སྐྱོང་པ་ཁྱོད་ཀྱང་སྲིན་པོ་དང་འགྲོགས།། མི་ལྤགས་ནི་གྱོན། མི་ཤ་ནི་ཟ། མི་ཁྲག་ནི་འཐུང་།། མི་མགེ་ནི་གཅོད། སྲོག་གཅོད་ནི་བྱེད། བོང་བུ་ནི་ཞོན་པར་གྱུར།
4b4 ཅིག། ལྷའི་ཁ་དོག་དཀར་པོ་ཉམས་ལ། སྲིན་གྱི་མདོག་གནག་ལ་འཇིགས་པ་ཐོབ་པར་གྱུར་ཅིག།། སྲིན་མོ་བུར་པ་ཁྱོད་ཀྱང་།། ངའི་བུ་མོ་འདི་སྲིན་པོའི་རླུང་མར་བྱིན་པས། ཁྱོད
4b5 ཀྱང་འཇིག་རྟེན་འདི་ན་གང་མི་སྡུག་པ་ཅིག་གི་མགོ་བོ་ཡོད་པར་གྱུར་ཅིག། སུས་ཀྱང་མི་འདོད་ལ་ཚེ་རབས་སུ་ཁྱོ་མོ་རྙེད་པར་གྱུར་ཅིག། ཅེས་སྦོན་བོར་རོ།། དེ་ནས་ལྷ་མོ་དུང
4b6 སྐྱོང་མ་ལ་མའི་སྨོད་པ་སྡིགས་ནས། ལྷའི་ཁ་དོག་ལོངས་སྤྱོད་ཉམས་ཏེ། མདོག་ཀྱང་མཐིང་ནག་ཏུ་འགྱུར། མི་ཤ་ཟ། མི་ལྤགས་གྱོན། མི་ཁྲག་འཐུང་། བོང་བུ་ཞོན།།
4b7 གཅེར་བུར་ཕྱུང་ནས་འདུག། བུ་སྲིན་ཕྲུག་ལྔ་རྒྱ་སྐྱེས་ཙམ་ན། ཁྱོ་སྲིན་པོ་དྷ་ཤ་འགྲི་བ་ཤིའོ།། དེར་ལྷ་མོ་དུང་སྐྱོང་མ་ཡང་ཡུགས་སའི་ཆ་ལུགས་བྱས་ཏེ།། སྐྲ་མདུན་སྐ་རལ
4b8 ཅིག་ཏུ་བླས་སོ།། བྲན་མོ་བུར་བ་ལྷ་ཡང་ཤ་ཞུ།། རུས་པ་སྐམ་ནས།། སྲིན་མེའི་ཕག་རྫི་བྱེད་ཙམ་ན། ཕག་རྫི་དུམ་བུ་སྲིན་བྱ་བས་མོ་ལ་དབང་མེད་དུ་ཆགས་པ་སྤྲད་དོ།། དེར།




iiif viewer powered by OpenSeadragon

4a - 5a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba