| e-texts navigator |
| Wylie |
4a1 @#ལེ་ནི།། རིན་ཆེན་མཛེས་པས་ཀུན་ནས་སྤྲས།། སྤྱན་ནི་ཨུད་དཔལ་འདབ་མ་འདྲ།། ཤངས་ནི་བའི་འབྲས་བུ་འདྲ།། ཞལ་ནས་ཨུད་དཔལ་དང་ཀྱང
4a2 གསུང་།། སྐུ་ནི་འཁྲི་ལྡེ་མ་གཞོན་དུ་ཚུལ་ཅན།། གསུང་ནི་ཚངས་པའི་དབྱངས་སྙན་སྒྲོགས་ནུར་འབུར་སྟོང་སྨད་ཕྱེད་པས་འགྱིང་། ཁྱོད་འདྲའི་སྐུ་ནི་གཞན་ན་དཀོན། ལྷའི་ལོངས
4a3 སྤྱོད་མཛེས་པས་མེ་འབྲེལ་ཡང་།། ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བ་ཞེས། ཅི་མཛད་ཅི་སྡུག་ཅི་གསུང་ཅི་ཡང་ཉན། ཁམས་གསུམ་དག་ན་ཁྱོན་འདྲ་ཤིན་དུ་ཀློན།
4a4 སེམས་ཀྱི་ལྟ་བས་མི་ངོམ་ཁྱོད།། བདག་གི་འབུལ་བ་འདི་བཞེས་གནང་བར་མཛོད། ཅེས་ཕུལ་བ་ལས།། ལྷ་མོས་ལྕགས་སྒྲོག་དེ་བླངས་ནས། རང་གི་རྐང་པ་ལ་བཀྲིས་ཏེ་བརྒྱན་བྱས
4a5 སོ།། དེ་ནས་སྲིད་མོ་བུར་པ་ལྷས།། ལྷ་མོ་དུང་སྐྱོང་མ་ལ་ཞེས་པ།། ཀྱེ་རྗེ་མོ་ལྷ་མོ་དུང་སྐྱོང་མ།། བདག་ཞུ་བ་ཅིག་མཆིས་ན་མནང་ངམ་བྱས་པ་ལས།། ལྷ་མོ་ན་རེ་གཡོག་མོ་ཁྱོད
4a6 གྲོ་བ་ཉེ་བཅི་ཞུ་བ་བདག་གནང་ང་ཟེར།། ལྷ་ལ་ནི་ངག་གི་བདེན་པའི་སྡོམ་ཡོད་པས།། ཇི་སྐད་སྨྲ་བ་ལྟར་བྱེད་པ་ཡིན་ནོ།། གཡོག་མོ་བུར་བ་ལྡན་རེ། གཡོག་མོ་ཕུར་བལྷན་རེ། ཀྱེ་རྗེ་མོ
4a7 དུང་སྐྱོང་མ། ཁྱོད་འདྲ་བ་ནི་འཇིག་རྟེན་འདི་ན་དཀོན་པ་ལ།། འགྲོགས་པའི་ཟླ་ཟེང་བས།། དི་རིང་འདིར་འོངས་པའི་ལྕགས་སྒྲོག་འབུལ་བའི་མི་དེ་དང་འགྲོགས་པར་གུ།། བདག་ཀྱང
4a8 དུས་རྟག་ཏུ་ཁྱོད་ཀྱི་བྲན་བགྱིད་དོ།། ཞེས་ཞུས་པ་ལས།། ལྷ་མོ་དོས་སྔར་ཁས་བླངས་པ་མི་བྱ་བའི་དབང་མེད་པས། ལྷ་མོ་དུང་སྐྱོང་མ་ན་རེ། ཁོལ་མོ་ཁྱོད་ཟེར་བ་བྱ་ཡིས། མི་སུ་ཡིན