| e-texts navigator |
| Wylie |
3b1 བཉེ་བར་བགྱིད།། དེ་སྐད་ཅེས་ཟེར་ནས་ལྷ་མོའི་གཡོག་མོར་བྱས་ཏེ།། སྲིང་མོ་ཕུར་པ་ལྷ་དེས་དུང་སྐྱོང་ལ་གློ་བ་ཉེ་བར་བྱས་ནས།། ལྷ་མོའི་ཡིད་ལ་ཅི་དགའ་བྱས་སོ།། དེར་དུང
3b2 མ་ཡང་ལྷ་མོ་དེ་ལ་དགའ་བས་རབ་ཏུ་གཅེས་པར་བྱེད་དོ།། དེའི་དུས་ན། ཉིན་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་འགྱེད་དུ་སོང་བ་ལས།། དེའི་ཉིན་པར་ལྷ་མོ་དབུ་མ་དེ་བས། ཁུ
3b3 མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་བགོའོ།། དེ་རིང་ཁྱོད་ཀྱི་གམ་དུ་སུ་འོད་ཀྱང་ཁྱོད་བསླུས་པ་ཡིན་པས། ཁྱོད་དེ་ལ་མ་ལྟ་ཅིག། ཅེས་བསྟན་རྩ་མ་ན། ཁོལ་མོ་ཕུར་ལ་པ
3b4 ལས།། སྐབས་དེར་སྲིན་པོ་དྷ་ཤ་འགྲོ་བ་སྒྲེན་ནོ་དེས། དེར་སྲིན་པོ་དྷ་ཤ་འགྲི་བ་དེས།། སྲིན་པོའི་བོང་བུ་དམར་སྐྱ་ཞོན་སྟེ།། ལྷ་མེའི་ཕོ་བྲང་སྐོར་ཕྱིན་ཏེ།། སྲིན་པོ་ཁོ་བོ་ནི་མིའི
3b5 ཆ་བྱེད་ལ།། ཤིན་དུ་གཟུགས་བཟང་ལ་མཛེས་པ་ཅིག་ཏུ་སྤྲུལ།། བོང་བུ་ནི་རི་དགས་ཡ་མཚན་གྱི་སྤུ་རིས་ཅན་ཅིག་ཏུ་སྤྲུལ་ཏེ།། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏེ། རོལ་མོ་དང་།
3b6 སིལ་སྙེན་དང་།། གླུ་དབྱངས་སྣ་ཚོགས་པ་བྱས་བསླུས་སོ།། ལྷ་མོ་རོལ་མོ་ལ་དགའ་བས་འཛུབ་ཅིག་ཤོར་རོ།། དེར་སྲིན་པོས་རླགས་རྙོགས་པས།། ལྕགས་ཀྱི་ལྷམ་སྒྲོག་སྔོན
3b7 བོ་བཀྲོལ་ནས་བཟུང་སྟེ། གླུ་འདི་སྐད་བླངས་འདི་སྐད་ཕུལ་ལོ།། ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་ན།། རིན་ཆེན་མཛེས་པའི་ཕོ་བྲང་ན།། རིན་པོ་ཆེའི་གདན་སྟེངས་ན།
3b8 འགྱིང་བག་ཚུལ་དུ་གར་མཛད་མ།། དབང་ཕྱུག་སྲས་མོ་མ་ལགས་སམ།། དགའ་བྱེད་དུང་སྐྱོང་མ་ལགས་སམ།། ལྷ་མོ་མང་པོའི་ཚོགས་དང་རོལ། དབུའི་སྙན་གདུབ་འཁོར