| e-texts navigator |
| Wylie |
3a1 @དེར་སྲིན་པོ་འང་ཤ་འགྲིབས།། ལྷ་དང་མི་འདུལ་འདོད་པའི་ཕྱེད་དུ། སྲིང་མོ་དང་། རྣལ་རྩེ། མ་ཧཱ་དེ་ཝ་ལ་བཙུན་མོར་ཕུལ་ལོ།། དེར་དབང་ཕྱུག་མ་ཧཱ་དེ་བདང་།
3a2 སྲིན་མོ་དང་། རྣ་ལ་རྩེ་གཉིས་ལ་བུ་མོ་ཅིག་ཡོད་དེ།། དེ་ནི་སྲིན་མོ་དམར་འདམ་ཕུར་པ་བྱ་བ་ཡིན་ནོ།། དུས་དེ་ཙམ་ན། སྲིན་པོ་དྷ་ཤ་གྷི་བ་ན་རེ། ང་ལ་ནི་སྲིང་མོ་དང་། རྣ་ལ་རྩེ་དང་།
3a3 ཆ་མོ་པུར་འདི་གཉིས་ཤིན་དུ་གཅེས་པ་ལ། ཁྱེད་གཉིས་ལ་ང་ཅེས་རྒྱུ་མེད་པས།། བདག་ནི་རྒྱ་མཚོའི་ནང་ན་ཤིར་འགྲོའི་ཞེས་ཟེར་བ་ལས། དེར་རྣལ་རྩེ་མ་མང་གཉིས་ན་རེ།
3a4 དེད་གཉིས་ལ་ཡང་ཁྱོད་ཤིན་དུ་གཅེས་པས། ཁྱོད་མ་ལྕེབ་པར་དེད་ལ་ཅི་འདོད་པ་སྨྲོས་ཤིག་ཟེར་བ་ལས། སྲིན་པོ་དྷ་ཤ་གྲཱི་བ་ན་རེ། འོ་ནང་ནི་ལྷ་མོ་དུང་སྐྱོང་མ་འདོད་དོ་བྱས་པ་ལས།
3a5 སྲིང་མོ་དང་རྣ་ལ་རྩེ་ན་རེ། མིང་པོ་དེ་སླ་ཡིས། ངའི་བུ་མོ་ཕུར་པ་ལྷ་འདི། ལྷ་མོ་དུང་སྐྱོང་མའི་ཁོལ་བྱེད་དུ་བཅུག་ལ། དེར་བསླ་ཡིས་ཟེར་ནས། སྲིང་མོ་དང་རྣ་ལ་རྩེ་དེས།
3a6 པུར་པ་ལྷ་ཁྲིད་ནས་ལྷ་མོ་དུང་སྐྱོང་མ་ལ་གཡོག་མོར་ཕུལ་ལོ།། དེར་སྲིན་མོ་ཕུར་པ་ལྷ་ངེས། ལྷ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ།།
3a7 བདག་ཉིད་ཆེན་པོ་ཁ་དཀར་མ། ཁུ་བཟངས་རིན་ཆེན་ཐོར་གཙུག་ལ། ཁཱ་དུར་བྷྱོ་ལམ་ལ།། ཞལ་བཟང་པདྨའི་དཀྱིལ་འཁོར་དུ།། ཉི་ཟླ་སྡུག་པའི་བརྒྱན་བཀོད་དེ།། ཚེམས
3a8 བཟང་དུང་ལ་ལྗགས་བཟང་པོ། ཁྱོད་འདྲ་འཇིག་རྟེན་ཁམས་ན་མེད།། བདག་ནི་ཁྱོད་ཀྱི་བསྟན་འབངས་བགྱིད། ཁྱོད་ཀྱིས་བདག་ལ་ཐུགས་རྩེ་དགོངས།། བདག་ཀྱང་གློ།