e-texts navigator
Collection
Volume
Page
Wylie

2b1 དཔལ་ཕྱག་ན་རྡོ་རྗེ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་ཧཱུཾ་མཛད་རྡོ་རྗེ་འཛིན། ད་ལྟ་འདོད་ཁམས་འདི་ཉིད་ན། ལྷ་མོ་ནོག་མེ་ཞེས་བྱ་བ། གཏུམ་ཞིང་ཁྲོ་ལ་ལུས
2b2 ཀྱང་འཇིགས། སྲིད་གསུམ་སྐྲག་པའི་ནུས་མཐུ་ཅན། དངོས་གྲུབ་དམ་པའི་གཞིར་འགྱུར་འདི། དངོས་སོ་རྒྱུ་ནི་ཅི་ལྟ་བུ། ལྟ་བའི་དཀྱིལ་འཁོར་རྫས་དང་ནི། ཏིང་འཛིན་སྔགས་དང་ཕྱག
2b3 རྒྱ་དང་།། དམ་ཚིག་དྲོད་ཚད་སྔགས་དང་བརྟེན།། དེ་བཞིན་ལས་ཀྱི་རིམས་པ་རྣམས།། བསྟོན་པས་བཀའ་སྩལ་བདག་ཉན་འཚལ། དེ་སྐད་ཅེས་གསོལ་པ་དང་། དཔལ་ཕྱག་ན
2b4 རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་ཁྱེད་རྣམས་ཀྱིས།། ལྷ་དབང་ཕྱུག་མ་ཧཱ་དེ་ཝ་དང་།། ལྷ་མོ་ཨུ་མ་གཉིས་ལ།། བུ་མིང་སྲིང་གཉིས་ཡོད་པ་ལས།
2b5 མང་པོ་བཤིན་རྗེ་དམར་པོར་གྲགས་སོ།། སྲིང་མོ་དེ་ནི་དཀར་མོ་དུང་སྐྱོང་མ།། དེ་ནི་རི་རབ་ཀྱི་རྩེ་ལ་རྣམ་པར་རྒྱལ་བའི་ཁང་བཟད་ཀྱི།། བྱང་ཤར་གྱི་འཚམས་བྱང་ཆུབ་ཀྱི་ཤིང
2b6 དྲུང་ན།། རིན་པོ་ཆེའི་ཁང་པ་བདུན་རྩེག་གི་གཞལ་ཡས་ཁང་ན།། རིན་པོ་ཆེའི་ཁྲིའི་སྟེང་ན། གསེར་དང་། དངུལ་དང་།། བྱེ་རྱའི་དབུ་རྒྱན་དང་།། མགུར་ནུས་བརྒྱན་ཏེ། ལུས
2b7 ཀྱི་འགྱིང་བབ་ཏུ་བཞུགས་ཏེ།། ལྷའི་བུ་དང་། བུ་མོ་མང་པོས་ཀྱང་། ལོངས་སྤྱོད་དང་། གླུ་དང་། དབྱངས་དང་། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་མཆོད་པ་བྱེད་དོ།།
2b8 བརྒྱ་བྱིན་ཉོན་ཅིག། དུས་དེ་རྩ་ན། སྲིན་པོ་ཐམས་ཅད་ལྷས་སྐྱོན་ཕབ་ནས། ཡོ་བསད་པ་ལས་སྲིན་འདའ་ཤ་འགྲི་བ་དང་།། དེའི་སྲིང་མོ་དང་། རྣ་ལ་རྩེ་མ་གཉིས་འདུས་སོ།།




iiif viewer powered by OpenSeadragon

2a - 3a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba