e-texts navigator
Collection
Volume
Page
Wylie

2a1 པོ་ལྡན་@#ལྡིངས་དང་། འབྱུང་པོ་དང་། འབྱུང་མོད་པ། མ་མོ་དང་། སེང་གེ་དང་། སྟག་དང་། ཝ་དང་། སྤྱང་ཁྱི་དང་། དོམ་དང་། གཟིགས་དང་། གུང་དང་། ཁྱིའི།
2a2 འདུ་དང་། དུར་བྱ་དང་། ཀཾ་ཀ་དང་། བྱ་རྒོད་དང་། བཞད་དང་། བྱ་རོག་དང་། འུག་པ་དང་། ཆུན་ཀླག་དང་། ཁཱ་དང་། སྲྀ་དང་། རུལ་སྦལ་དང་། དེ་ལ་སོགས་པ་འཁོར
2a3 རྣམས་མང་པོས་བསྐོར་ཏེ་བཞགས་སོ།། དེའི་ཚེ་ན་འཁོར་རྣམས་འདུས་པའི་ནང་ནས་ལྷའི་དབང་པོ་རྒྱ་བྱིན་སྟན་ལས་ལངས་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་ལན་བདུན་བྱས་ནས
2a4 བརྒྱན་དང་ལོངས་སྤོང་བསམ་གྱིས་མི་ཁྱབ་པའི་ཆར་ཕབ་ནས་མཆོད་དོ།། དེ་ནས་བརྒྱ་བྱིན་གྱི་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། དངོས་གྲུབ་ཚོགས
2a5 ལ་མངའ་མཉེས་ཁྱོད། ཐུགས་རྗེའི་བདག་པོ་ཡིན་པས་ན།། མ་འོངས་སེམས་ཅན་སྐལ་ལྡན་གྱིས།། རྡོ་རྗེ་མཁའགྲོ་སྒྲུབ་པའི་ཐབས།། བདག་གིས་ཡོངས་སུ་ཞུ་ལགས་ཀྱིས། དེང
2a6 འདིར་བསྟོན་པས་སྐབས་དབྱེ་འུ། དེ་སྐད་ཅེས་གསོལ་པ་དང་།། དཔལ་ཧཱུཾ་མཛད་ཆེན་པོ་དེ། མེ་འབར་བའི་གདན་ལས་བཞེངས་ཏེ།། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ
2a7 ཏོཿཀྱེ་མ་འོངས་དུས་མཐའི་སེམས་ཅན་རྣམས། མི་ནུབ་ཆོས་ཀྱི་རྒྱལ་མཚན་དང་།། རྡོ་རྗེ་མཁའ་འགྲོ་འགྲུབ་འགྱུར་ནས།། བདག་བཞིན་དོན་ལ་ཐོགས་མེད་པར། ངས་བཤད་ཁྱོད་ཀྱིས
2a8 ཡིད་ལ་བཟུང་། ཅེས་བཀའ་སྩལ་པ་དང་། འཁོར་དེ་དག་ཤིན་དུ་དགའ་བ་དང་། སྤོབས་པ་སྐྱེས་ནས་ལྷའི་མེ་ཏོག་མན་དྷ་ར་བ་ལ་སོགས་པའི་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་པོ།། དེ་ནས




iiif viewer powered by OpenSeadragon

1b - 2b

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba