e-texts navigator
Collection
Volume
Page
Wylie

1b1 @རྒྱ་གར་སྐད་དུ། ཤྲྀ་དེ་དཱི་ཤྲིཾ་ཏྲ་ཀ་ལི་ཏན་ཏཱ་ན་མ། བོད་སྐད་དུ། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ཅེས་དྲུག། དཔལ
1b2 འཇིགས་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། རཱི་རབ་རིའི་རྩེ་མོ་རྩུབ་འགྱུར་གྱི་ར་ལ་ཆེན་པོ།། ལྷང
1b3 ལྷ་མནི་གཉིས་གཡུལ་འགྱེད་པའི་གནས།། གཡོན་གྱི་ཨུང་དཔལ་ལའི་གདོང་། ཁྲོས་པའི་དུར་ཁྲོད། སྲིན་པོ་ཀང་ཀ་ལ་ཟངས་ཀྱི་གཤོག་པ
1b4 ལྷར་འབར་བའི་ཁང་པ། མི་རོ་བསར་སྙིང་མང་པོ་ཡོད་པ། ཀེང་རུས་དང་ལྡག་ཁྲག་གི་རུལ་ཟབ།། ཤིན་དུ་འཇིགས་པ། རབ་ཏུ་སྐྱི་གཡའ་བའི་གནས་དེན།
1b5 བཅོམ་ལྡན་དྲག་པོ་ཆེན་པོ།། ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ།། ལུས་བསྐལ་པའི་མེ་ལྷར་འབར་བ། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། ཉི་མ་སྟོང་གི་གཟི
1b6 བརྗིད་དང་ལྡན་པ།། སངས་རྒྱས་སྟོང་རྩ་བརྒྱད་ཀྱི་ལྷར་དབང་བསྐུར་ཏེ། ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བྱས་ནས་བཞུགས་སོ།། དེའི་བརྒྱ་བྱིན་དང་། གཤིན་རྗེ་དང་།
1b7 སྲིན་པ་དང་། ཤ་བ་དང་།། ས་སེཾ་གས་དང་། བྱེ་དང་། ཚུལ་བུམ་དང་། དྲི་བ་དང་། མིའམ་ཅི་དང་། རྣམ་ཐོམ་ཐོས་ཀྱི་བུ་དང་།། ལྷ་མ་ཡིན་དང་། རྣམ་པར




iiif viewer powered by OpenSeadragon

1a - 2a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba