| e-texts navigator |
| Wylie |
15b1 དཀར་མར་མེའི་དབང་།། བུར་བུ་ནེ་ལེ་རལ་གྲིའི་དབང་།། སྦྲུལ་དང་ཐོད་རློན་དབང་བསྐུར་རོ།། ལྷ་མོ་ནག་མོའི་གསང་རྒྱུད་འདི།། དབང་མ་སྦྱིན་པའི་སློབ་མ་ལ།། ཚིག
15b2 ཅིག་ཉམས་དང་སློབ་དཔོན་ཉམས།། མྱུར་དུ་ཚེའི་དུས་བྱེད་བསྐུལ།། དེ་བས་སློབ་མ་དབང་བསྐུར་ལ།། དེ་ནས་གསང་རྒྱུད་བསྟན་པར་བྱ།། དཔལ་ཤན་པ་ནག་མེའི
15b3 རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མའོ་ཕྱག་ན
15b4 རྡོ་རྗེ་ཡིས།། བྱིན་རླབས་ཀྱི་ནི་མཆོག་ཡིན་ཏེ།། ལྷ་མོ་གྲུབ་པའི་རྣལ་འབྱོར་པའི།། ལས་ཀྱི་རིམས་པ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། གསང་བའི་བདག་པོས
15b5 བཀའ་སྩལ་པ།། བརྒྱ་བྱིན་ཉོན་ཅིག།། ལྷ་མེ་རེ་མ་ཏི་འདིའི་གྲུབ་པ་ཐོབ་པའི་མིས་ནི།། ལས་ལ་ཆད་དུ་མ་རྩམས་ཀྱང་།། ཡིད་ལ་ཅི་འདོད་འགྲུབ་པའོ།། འོན་ཀྱང
15b6 ཕྱེད་དུ་བསྒྲུབ་བྱེད་ན།། ལས་ཀྱི་བྱེ་བྲག་ངས་བཤད་དོ།། འདི་རྣམས་ནི་མཁའགྲོ་གྲུབ་པའི་མིས་བྱའོ།། ལས་དང་པོ་པ་རྣམས་ཀྱིས་མི་བྱའོ།། བརྒྱ་བྱིན་ཉོན་ཅིག། ཞི་བའི
15b7 ལས་ཀྱི་ཁྱད་པར་ནི།། བུ་རཾ་སྦྲང་རྩི་གྷི་ཝང་དང་།། གུར་གུམ་སྤོས་དང་འོ་མ་དང་།། མར་ཁུ་ཏིལ་དང་འབྲས་འཚན་དང་།། ཨ་ཀ་རུ་དང་དུ་རུ་ཀ། རིལ་ལུ་ཁྲི་ཚེ་ཅིག་བྱས་ལ
15b8 ཞི་བའི་ཐབ་ཁུང་དབུས་ཉི་ས་ལ།། འོ་མ་ཡོད་པའི་ཤིང་ལ་བསྲེག། ཨོཾ་རུ་རུ་རོ་རུ་བེ་ཏེ་སྟ་བེ་ཏི་སི་རུ་རུ་རོ་རུ་བེ་ཏི་སྟ་བ་ཏོ་སི། ཨ་མོ་ཀ་ཤིནྟིཾ་ཀུ་རུ་སྭཱ་ཧཱ། ཁྲི་ཚོ་ཅིག་བསྲེག་བྱས་ཏེ།