e-texts navigator
Collection
Volume
Page
Wylie

15a1 ། @#། ཟུགས་རྗེ་རྩེ་ཅིག་ཡིད་འགྱུར་བཞུགས་པ་ལ།། མ་མོ་དབབ་ཅིང་སློབ་མ་དབང་བསྐུར་བའི།། སྲས་མཆོག་དབབ་པའི་ཆོག་བདག་ཉན་འམལ། ཞེས།
15a2 ཞུས་པའི་ཚེ།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སློབ་དཔོན་མཁའ་གྲོ་འགྲུབ་པ་དེས།། སློབ་མ་དག་ལ་དབང་བསྐུར་བ།། རྒྱལ་རིགས་བུ་མོ་གཙང་མ་ནི། ཁྲུས
15a3 བྱས་བདུད་རྩིའི་ཟས་བྱིན་ལ།། གོས་དང་མེ་ཏོག་གསེར་གྱིས་བརྒྱན།། བསྒྲུབ་པའི་དཀྱིལ་འཁོར་དབུས་སུ་བཞུག། མཁའགྲོ་བསྒྲུབ་པ་ཞག་བདུན་བྱ།། དེ་ནས་མ་མོ།
15a4 དབབ་པར་བྱ།། འདོད་པའི་དུད་པ་བསྲེག་བྱས་ལ།། མ་མོ་དར་དང་ཧས་སྟས་གཡབ།། ཐོད་རྔ་བརྡུང་ཞིང་མ་མོ་འབོད།། སྔགས་འདི་འཛ་གང་ཁ་ཁྲུས་བཏག
15a5 དེ་ཝི་མཧཱ་ཀ་ལི། རེ་མ་ཏི་ཙ་པ་ལ་ཨ་ཤུག་མེ། ས་མ་ཡ་པྲ་ཏ། རུ་རུ་རོ་རུ་ས་མ་ཡ་པྲ་ཏ། ཡོ་ག་སི་ཏི་ས་མ་ཡ་པྲ་ཏ། ཨ་བེ་ཤ་ཡ། ལན་བདུན་དག་གིས་མ་མོ་འབེབས།
15a6 དེ་ནས་བཟུངས་མའི་རཀྟ་དང་།། རང་བྱང་སེམས་བསྲེས་བྱས་ལ།། སྔ་མ་དུས་གསུམ་རྒྱལ་བ་མཆོད།། དེ་ནས་ལྷ་མོ་ཉིད་ལ་མཆོད།། དེ་ནས་རང་གི་ལྕེ་ལ་བཞག། བདག
15a7 དང་མ་མེའི་དམ་ཚིག་བསྲེ།། དེ་ནས་སློབ་མའི་སྙིང་ལ་བཞག། དེ་ནས་བཟུངས་མའི་རཀྟ་དང་།། སློབ་མའི་ས་བོན་བསྲེས་ལ་ནི།། མ་མོ་མཆོད་ཅིང་དམ་ཚིག་བསྲེ།།
15a8 གཟུངས་མ་ལྷ་མོ་ཡིན་པར་ལྟ།། གཟུངས་མས་རྩ་བའི་སྔགས་བཟླས་ཤིང་།། ཐོད་འཕྲེང་རྒྱ་ཡིས་དབང་བསྐུར་རོ།། དེ་ནས་གཡང་བཞི་ཧ་ས་ཏིའི་དབང་།། རྡེའུ་དང་ཉུང




iiif viewer powered by OpenSeadragon

14b - 15b

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba