e-texts navigator
Collection
Volume
Page
Wylie

14b1 རིངས་པ་ན།། དེ་ལ་ཉེས་དམིགས་རྣམས་པ་གསུམ།། སྔོན་གྱིས་ལས་འཕྲོ་མ་སྦྲུལ་དང་།། བསྙེན་པ་ཞག་གྲངས་ཉུངས་པ་དང་།། རྣལ་འབྱོར་དམ་ཚིག་ཉམས་པ་གསུམ།།
14b2 བསྒྲུབས་ཀྱང་གྲུབ་པ་རིང་བས་སྟེ།། འོན་ཀྱང་མི་བཞག་སྦྱར་ཞིང་བསྒྲུབ།། སྔོན་གྱི་ལས་འཕྲོས་མ་སྦྲེལ་ཡང་།། ད་ལྟར་རྩོལ་གྲུབ་བྱས་ན་འགྲུབ།། བསྙེན་བཅུང་རྩམ་གྲངས
14b3 ཉུངས་ན།། བཟླས་པ་བྱེད་པ་ཕྱུར་མནན།། དམ་ཚིག་ཉམས་ན་བཤགས་ཤིང་བསྐང་། ཞེས་གསུངས་སོ།། དཔལ་ཤན་པ་ནག་མེའི་རྒྱུད་ལས།། སྤོགས་པའི་ཆོ་གའི
14b4 ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ།། རྡོ་རྗེ་རྒྱལ་པོ་གསང་འཛིན་པ།། རྒྱལ་ཚ་བ་ཆེན་པོ་ཁྱོད་ཉིད་ཀྱིས།། མ་མོ་གྲུབ་པའི་རྣམ
14b5 འབྱོར་པས།། རྟག་ཏུ་བརྟེན་པ་བདག་ལ་བཤོད།། ཅེས་གསོལ་པ་དང་།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། མ་མོ་རྟོག་བརྟེན་པའི་ཐབས། གུད་ན་ཡོད་པ་མ་ཡིན་ཏེ།།
14b6 དངོས་གྲུབ་ཐོབ་པ་ཐོབ་ཏིང་ལ།། རྒྱུན་དུ་སྔགས་དང་ཕྱག་རྒྱ་དང་།། རྫས་དང་ཏིང་འཛིན་ཆོ་ག་དང་།། ཕྱག་རྒྱ་དག་དང་མི་འབྲལ་བའི།། ལྷ་མེ་རྟོན་པ་ཡིན་པར་བཤད།
14b7 ཟས་ཀྱི་ཕུད་ཀྱང་བསམས་ཤིང་མཆོག། གསང་བའི་དམ་ཚིག་བསྲུང་བ་ཡི།། དེ་ལྟར་བྱས་ན་ཅི་བསམ་འགྲུབ།། དཔལ་ཤན་པ་ནག་མོའི་རྒྱུད་མ་མོ་རྟག་ཏུ་བརྟེན་པའི་ལེའུ
14b8 སྟེ་བཅུ་གསུམ་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི།




iiif viewer powered by OpenSeadragon

14a - 15a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba