| e-texts navigator |
| Wylie |
14a1 ལྷ་མའི#གལ་ཏེ་གཏོར་མ་དུས་ལས་ཡོལ་གྱུར་ན།། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན།། དུད་པ་འཁྲིགས་དང་བུད་མེད་གླལ་པ་མཐོང་། བུད་མེད་དུ་བ
14a2 མཐོང་ན་དགྲ་དགེས་སྤྲུལ་བའི་རྟགས། ཁྲོན་པར་ཆད་འོང་ལ་སྨོན་པ་ཡིན།། སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བ་ཡིན།། རྒྱང་གླུ་ལེན་པ་མཐོང་ན་གྲུབ་ཐག་རིང་།། གར་སྟབས
14a3 བྱེད་ཀྱིན་བྱུང་ན་ཅི་བསམ་འགྲུབ།། བྱ་དང་གཅན་ཟན་གཏོར་མ་ཟ་ན་བཟང་མ་མེ་གྲུབ་པའི་རྟགས་རྣམས་གར་བྱུང་ཡང་།། དམ་ཚིག་ཕྱག་རྒྱ་བསྟན་ཅིང་དངོས་གྲུབ་བླང་། ཁ
14a4 རོག་འདུག་ན་སྙིང་པོ་ཕྱག་རྒྱ་ནོར།། འཛུམ་པ་མཐོང་ན་བདག་ཚེ་རིང་བའི་རྟགས།། ཤ་བཞོན་ན་ནོར་རྣམས་འཕེལ་བའི་རྟགས།། གལ་ཏེ་བདག་ནི་གཞན་དུ་དོན་གཉེར་ན།། བུད
14a5 མེད་ལག་ན་རྫས་ནི་གང་བ་ཐོགས།། བྱ་དང་གཅན་ཟན་སྔོན་དུ་འགྲོ་ན་བཟང་།། དེའི་ཚེ་ན་དོན་ཡང་གཉེར་བར་བྱ།། སྤྱང་སྟོང་ཐོགས་པ་མཐོང་ན་དོན་མི་གཉེར།། གྲུབ་པའི་དྲོད་ཆད
14a6 རྣལ་འབྱོར་སྲི་ལ་གཅེས།། དཔལ་ཤན་པ་ནག་མེའི་རྒྱུད་ལས།། དྲོང་ཚང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན
14a7 རྡོ་རྗེ་ལ་གསལ་པ།། འཛིན་རྒྱལ་དྲག་པོ་ཆེ་བའི་ཚེ།། གོལ་ས་སྤངས་པའི་སྐྱེས་བུ་ཡིས།། ལྷ་མོ་བསྒྲུབས་ཀྱང་མ་འགྲུབ་ན།། སྤོགས་པ་བདག་ལ་ཞུ་བ་ལགས། ཞེས
14a8 གསོལ་བ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སྐྱེས་བུ་བློ་ལྡན་རྩ་ལ་ཅན་གྱིས།། བསྒྲུབ་པའི་རྒྱུད་འདི་གཙོར་བླངས་ན།། དངོས་གྲུབ་མི་ཐོབ་མི་སྲིད་དོ།། འོན་ཀྱང་གྲུབ་ཐག