e-texts navigator
Collection
Volume
Page
Wylie

13b1 བསྲུང་ལ་བརྩོན་བྱས་ནས།། རྡོ་རྗེ་ལྷ་མོ་གྲུབ་རྟགས་འདི་ལྟར་འབྱུང་།། གྲུབ་རྟགས་རབ་འབྲིང་ཐ་མ་གསུམ་དུ་འབྱུང་།། རབ་ནི་མ་མོ་ཉིད་ཀྱི་སྐུ་མཐོང་སྟེ།། བུད་མེད་དཀར་པོ།
13b2 བཞད་ཅིང་བྱུང་བ་ན།། གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བ་ཡིན།། ནག་མོ་རལ་པ་ཅན་དུ་བྱུང་བས་ན།། འདོད་ཁམས་འདུལ་མཐུ་རྩལ་བདག་ལ་སྟེ།། དམར་མོ་བསེའོ་རལ་པ།
13b3 ཅན་བྱུང་ན།། འཇིག་རྟེན་དབང་དུ་བདུད་པའི་དངོས་གྲུབ་སྟེར།། མ་མོ་འགྲུབ་པའི་ཀྱི་འབྲིང་པོ་ནི།། མེ་ཏོག་ཆར་དབབ་འབྲུག་དང་རླུང་དམར་དང་།། སྒྲོ་བརྡུང་ཁར་ཐོག་འཚིག
13b4 དང་རྔ་དྲིལ་སྒྲ།། རྫས་རྣམས་ལུང་དང་མུན་པ་ཤན་དུ་གནག། བུད་མེད་གཟུགས་དང་འཇའ་མཚོན་གཟུགས་ཀྱང་བསྟོན།། གྲུབ་རྟགས་ཐ་མ་རྨི་ལ་དག་ཏུ་སྟོན།། མ་དང
13b5 སྲིང་མོ་ཆུང་མ་ཁོལ་མོ་རྨི།། དྲེའུ་བོང་བུ་བྱ་ནག་ཤ་བ་རྨི།། མ་མོ་གྲུབ་ནས་དབང་དུ་འདུས་པ་ན།། བུད་མེད་དག་གིས་བདག་ལ་ཕྱག་འཚལ་ལོ།། མ་མོ་གྲུབ་ཀྱང་དབང་དུ་མ
13b6 འདུས་ནི།། མི་སྡུག་གཟུགས་སུ་སྟོན་ཅིང་རྗེ་མོར་འོང་།། གཅན་ཟན་ཟར་འོང་མ་མོ་ཕྱག་འགུགས་སོ།། དམ་ཚིག་ཉམས་ཏེ་མ་མོ་འཁྲུགས་གྱུར་ན།། མ་མོ་ནང་འཐབ་མཚོན་ཆེའི
13b7 ཆར་པ་འབབ།། བྱ་ནག་ནང་འཐབ་ཁྲག་གི་ནའུན་འཐིབས།། ལྟས་དེ་མཐོང་ན་བཀའ་འོང་བ་ཡིན།། གལ་ཏེ་དམ་སྲིས་བསྒྲུབ་པའི་བར་གཅོད་ན།། གྲང་ལ་འཇིགས
13b8 ཤིང་ཁྱིམ་དུ་འགྲོ་སྙིང་འདོད།། གཉིས་བྲོ་སྙང་མི་དགའ་ལ་སྐྱེ་ཞིང་བཀྲིས། ཁ་ཀླལ་དུ་སྙིང་འདོད་ལ་འཁྲོ་ཞིང་འཚིག། བུད་མེད་གཟུགས་མཐོང་རྐུ་བ་དང་མོ་མཚན་སྟོན།




iiif viewer powered by OpenSeadragon

13a - 14a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba