| e-texts navigator |
| Wylie |
13a1 #བཅད།། ཕྱེད་ལ་ལྷ་མོའི་གཟུགས་ཀྱང་བྲི།། ཕྱེད་ལ་དགྲའི་གཟུགས་བྲིས་ལ།། དེ་ནི་རྟག་ཏུ་བཅང་བར་བྱ།། འཚུབ་པ་དག་དང་འཕྲང་གྱུར་ན།། སྐྱེད་པར
13a2 མི་གཅོང་རྒྱབ་མ་བསྟན།། བསྟོད་པ་བྱ་ཞིང་ཕྱག་རྒྱ་བསྟན།། དམ་ཚིག་ཡོང་རུང་མེད་རུང་སྟེ།། བདག་མ་མནི་པའི་རྣལ་འབྱོར་ལ།། རང་གི་ལྷའི་སྙིང་པོ་དང་།། རྫས་དང་ཕྱག་རྒྱ
13a3 མི་སྙན་ནོ།། ཁ་འཕྲོ་དག་ཀྱང་བསྲེ་བ་མེན།། ཕྲེང་བ་ལ་ཡང་རེག་པ་བསྲུང་།། ཚེས་གྲངས་ཤིས་དང་ནམ་གུང་ལ།། ཕྱག་རྒྱ་བསྟན་ཞིང་བསྟོད་པ་བྱ།། རྟག་ཏུ་ཡིད་དམ་མི་མངའ་བའི།
13a4 ཞག་རེ་ཕྱག་རྒྱ་གཉིས་གཉིས་བསྟན།། སྲོག་གི་སྙིང་པོ་རྒྱུན་དུ་བགྲང་།། ནུབ་རེ་གཏོར་མ་མི་འདའ་བར།། བྱ་ནག་ལུག་རྟག་ཏུ་བཅང་།། བདག་གིས་དགྲ་ལ་སྤང་བྱ་སྟེ།། ཕྱིས
13a5 ནི་དེ་ལ་བཅོས་མི་བྱ། ཁས་རླངས་ཡལ་དུ་མི་རུང་ངོ་།། རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར།། དམ་ཚིག་ཉི་ཤུ་རྩ་ཅིག་བསྟན།། དཔལ་ལྡན་ལྷ་མོ་ཤན་པ་ནག་མེའི་རྒྱུད་ལས།
13a6 དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ།། འདི་སྐད་ཅེས་གསོལ་ཏོ།། ཧཱུ~ཾ་མཛད་ཧཱུཾ
13a7 དེ་བདུང་བཞི་འདུལ།། མི་མཐུན་འཇོམས་པའི་ཡེ་ཤེས་གཉེན་པོ་ཡིས།། དཔལ་ལྡན་ནག་མོའི་གྲུབ་པ་ཐོབ་པའི་རྟགས།། དྲོད་ཙམ་ཞུས་ཏེ་བདག་ལ་གནང་བར་མཛད།
13a8 ཅེས་གསོལ་པ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྐྱེས་བློ་ལྡན་མན་ངག་རྩལ་ཅན་གྱིས།། རྫས་དང་ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་།། མཆོད་དང་དམ་ཚིག