e-texts navigator
Collection
Volume
Page
Wylie

12b1 ཚིག་ནི།། རྣལ་འབྱོར་ཚོགས་ཀྱི་སྲོག་སྙིང་ཡིན།། འདི་ལས་འདས་ན་རང་སྲོག་འཆང་།། མ་འདས་དངོས་གྲུབ་དམ་པའི་རྒྱུ།། མ་མོ་སྤྱིའི་དམ་ཚིག་དང་།། ལྷ་པོ་དགོས་ཀྱི་དམ
12b2 ཚིག་གི། མ་མོ་སྤྱིའི་དམ་ཚིག་ལ།། སྐུའི་ཕྱག་རྒྱ་མི་སྤངས་ཞིང་།། རྡོ་རྗེ་སློབ་དཔོན་མཉེས་པར་བྱ།། རྡོ་རྗེ་དབུན་ལ་གདུང་བ་སྐྱེད།། འདི་ནི་སྐུའི་དམ་ཚིག་གོ།། བཟླས་རྡོད་སྙིང་པོ
12b3 རྒྱུན་མི་བཅད།། འདི་ནི་གསུང་གི་དམ་ཚིག་གོ།། གསང་བ་བཞན་ལ་མི་སྤེལ་ཏེ།། འདི་ནི་ཐུགས་ཀྱི་དམ་ཚིག་གོ།། སྟན་འགན་དང་ནི་འབྲས་བུ་ལྔ།། སྤྱོད་པ་ཡན་ལག་དམ
12b4 ཚིག་གོ།། ལྷ་མོ་དགོས་ཀྱི་དམ་ཚིག་ནི།། འཇིག་རྟེན་གང་དང་གང་དག་ན།། ཡུགས་ས་རྒན་གཞོན་གང་གནས་པ།། བྱམས་པར་བྱ་ཞིང་ཆགས་པ་སྤྱད། ནལ་བུ་ཡོད་པའི
12b5 སྦྲུམ་མ་ལ།། མེ་ཏོག་གཏོར་ཞིང་པར་བྱམས་པར་བྱ། ཁ་ཟས་སྦྱིན་ཞིང་རྔན་མི་བགྲད།། སྣ་ཁྲག་ཐོན་ན་བླང་བར་བྱ།། བྱིས་པ་དག་གི་ནལ་ཕྲུག་ལ།། གོས་དང་ཁ་ཟས་སྦྱིན་པ
12b6 དང་།། རྟག་ཏུ་དེ་ལ་བྱམས་པར་བྱ།། དཀར་ཤ་པ་ནི་རྒྱུན་དུ་སྤནི།། བོང་བུ་ལ་ནི་བྱམས་པར་བྱ། ཁ་ར་མུ་ཏྲིས་མནན་པ་དང་།། བེར་དབྱུག་དག་གིས་མི་བདེག་གོ།། རྨ་བྱའི་མདོར
12b7 ནི་རྟག་ཏུ་བཅང་།། མ་མོ་ཟླ་མཚན་རྒྱུ་དུས་སུ།། གསང་བའི་མཆོད་པས་དམ་ཚིག་བསྲེ།། མེའི་དཀྱིལ་འཁོར་མཐོང་གྱུར་ན།། མེ་ཏོག་སྐྱེས་ལྟར་དགའ་བར་བྱ།། ནེའུ་ལ་མཐོང་ན
12b8 བསྟོད་པ་བྱ།། ཕྱག་རྒྱ་བསྟན་ཞིང་དགའ་བར་བྱ།། ཤ་ལྤགས་རྫས་ཀྱི་སྣོད་དུ་བྱ།། དེའི་སོལ་བ་ཆུར་མི་སྐུར།། རྡོ་སོལ་ཁུ་བས་མར་ན་མ་བཀྲུ།། ཤིང་ལོ་སོར་བཞི་སྐྱེད་པར




iiif viewer powered by OpenSeadragon

12a - 13a

Texts on this page

F770 - dpal lha mo shan pa nag mo'i rgyud ces bya ba