| e-texts navigator |
| Wylie |
12a1 #། མིག་འབྲས་འདྲ།། གུང་མོ་འཐེའུ་ཆུང་གཉིས་ནི་ཐོང་རྡོར་ཁ།། གཏོར་མ་སྦྱིན་ཅིང་གཉིས་སུ་མེད་པར་ལྟ། དཔལ་ཤན་པ་ནག་མོའི་རྒྱུད་ལས། ཕྱག་རྒྱའི།
12a2 ལེའུ་སྟེ་བརྒྱང་པའོ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། ཕྱག་ན་རྡོ་རྗེ་ལ་གསོལ་པ།། སྟོབས་པོ་ཆེ་ལ་དྲག་ཤུལ་ཅན།། རིགས་དང་གསང་སྔགས་ཚོགས་ཀྱི་མངའ་བདག་གིས
12a3 རྡོ་རྗེ་ནག་མོ་མཉེས་པར་བྱ་བའི་ཕྱིར།། མཆོད་པའི་རིམ་པ་བདག་ལ་སྟན་དུ་གསོལ།། ཞེས་ཞུས་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ།། ལྷ་མོ་ནག་མོ་དངོས་གྲུབ་ཐོབ་འདོད
12a4 བས།། མཉེས་པར་བྱ་ཕྱིར་མཆོད་པ་རྟག་ཏུ་ཕུལ།། དང་པོ་མཆོད་པའི་རྫས་ནི་གཏོར་མ་དབུལ།། གཉིས་པ་ལ་ནི་རཀྟའི་གཏོར་མ་སྟེ།། གསུམ་པ་བདུད་རྩི་ཨ་མྲི་ཏ་ཡིས་མཆོད།
12a5 བཞི་པ་ལ་ནི་གསང་བའི་མཆོད་པའོ།། མཆོད་པའི་རྫས་རྣམས་བྱིན་གྱིས་རླབ་པ་ནི།། རླུང་གིས་མེ་སྥར་ཨ་ཡིས་ཐོད་པ་བཀོལ།། ཧཱུཾ་གི་རྡོ་རྗེས་རབ་ཏུ་དཀྲུགས་ནས་ཀྱང་།། ཨ་དཀར
12a6 འབར་བས་བདུད་རྩི་བྱིན་གྱིས་བརླབ།། དམ་ཚིག་ཕྱག་རྒྱ་བསྒྲུབ་ཅིང་གཏོར་མ་དབུལ།། དཔལ་ཤན་པ་ནག་མེའི་རྒྱུད་ལས།། མཆོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།
12a7 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། གཙོ་བོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ཚོགས་འདུས་ཐུགས་རྗེ་འབྱུང་བའི་རྒྱུ།། དཔལ་ལྡན་རྡོ་རྗེ་སེམས་དཔའི་ངང
12a8 ཚུལ་ཅན།། དཔལ་ལྡན་རྡོ་རྗེ་ནག་མེ་རི་མ་ཏི།། སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ།། ཞེས་གསོལ་པ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷ་མོ་འདིའི་ད