| e-texts navigator |
| Wylie |
11b1 དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྣལ་འབྱོར་ཆེན་མོ་གསང་བའི་ཕྱག་རྒྱ་ནི། སྤང་བར་མི་བྱ་རྟག་པར་བཅང་བར་བྱ།། རླུང་གི་མེ་སྦར་བོང་ཞོན་དབང་ཕྱུག་མ། ལྕག
11b2 སྐྱེས་བོས་བཤོག་པས་ཟིལ་གྱིས་མནན།། བོང་བུའི་གདན་བསྟང་ཐོད་པས་དབང་བསྐུར་ཏེ།། ཐོད་རློན་དམ་ཚིག་བསྟན་ཅིང་གཉིས་མེད་བསྒོམ།། དང་པོ་རླུང་ནག་འཆུབ་མའི་ཕྱག
11b3 རྒྱ་ནི་ལག་པ་ཐལ་སྦྱར་གོང་སྦྱང་བོང་བུའི་གདན་བསྟིང་ཐོད་པས་དབང་བསྐུར་ཏེ།། ཐོད་རློན་དམ་ཚིག་བསྟན་ཅིང་གཉིས་མེད་བསྒོམ།། དང་པོ་རླུང་ནག་འཆུབ་མའི་ཕྱག་རྒྱ་ནི།
11b4 ལག་པ་ཐལ་སྦྱར་གོང་སྦྲང་བགྲེང་བ་དང་།། ཐེའུ་ཆུང་སྲིན་ལག་ཚིགས་སྣརེལ་བསྒྲང་དེ་རྐྱང་།། འཐེ་འོང་གཏད་འཛུབ་མོ་གཉིས་སྒྲེང་རྫོང་།། རྩེ་མོ་དགུ་པ་རླུང་གི་ཕྱག་རྒྱའོ།།
11b5 མེ་རི་སྨུག་ནག་འབར་བའི་ཕྱག་རྒྱ་ནི།། འཛུབ་མོ་གཉིས་སོར་མོ་དགུག་བྱས་སྟེ།། འཐེ་བོང་བཀུག་སྲིན་ལག་གཏང་།། གུང་མོ་འཐེའུ་ཆུང་སྒྲེང་ཏེ་འཕར་བའོ།། མ་མོ་དགུག
11b6 པའི་ལྕགས་དཀྱུའི་ཕྱག་རྒྱ་ནི། ལག་པ་གཉིས་རྒྱབ་སྤྲད་འཐེ་ཆུང་སྦྲེལ་ནས་ནི།། འཛུབ་མོ་གཉིས་སྐུག་གུང་སྲིན་འཐེ་བོས་བསྲུང་།། རྐྱང་སྟེ་ཕྲལ་ནས་སྟང་ཁར་ལྕགས
11b7 སྐྱ་ཡིས། ཟིལ་གྱིས་མནན་པ་ཁྱུད་བཤོག་ཕྱག་རྒྱ་ན།། འཐེ་བོང་གཉིས་བཤིབས་སོར་མོ་བཤོག་ལྟར་རྐྱང་།། བདན་མཆོག་བོང་བུ་ལྟ་བའི་ཕྱག་རྒྱ་ནི།། འཐེའུ་བསྣོལ་བས་སྲིན
11b8 ལྒ་མནན་བྱས་ཏེ།། སྲིན་ལག་ཐོང་ཐོས་འཐེ་བོང་མནན་པའོ།། དེ་བཞིན་དུ་གུང་མོ་གཉིས་ཀྱང་ནང་དུ་བསྟན།། འཛུབ་མོ་གཉིས་ཀྱང་སོར་མོ་རྐྱང་བའོ།། སྲིན་ལག་གཉིས་བཅུག