| e-texts navigator |
| Wylie |
10b1 གདན་ནོ།། བྷྱོ་ནག་མེ་ནི་སྤྲོ་བསྡུ།། ལྷ་མེ་རེ་མ་ཏིའི་ཏིང་ངེ་འཛིན།། ཨཱ~ཾ་དེ་བི་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུཾ་ཞེས་པ་ལས།། ལྷ་མོ་ནག་མོ་སྐུ་མདོག་འཐིང་ནག་ལ།། རལ་པ་ཏིང་ཟ་སད་དུ་འདུས
10b2 པ་མིག་རྩ་དྭམར་བ། ཁ་སྔངས་པ། མཆེ་བ་རྩིགས་པ། སྦྲུལ་ནག་ཁྲ་དང་ཐོད་པས་བརྒྱན་པ། ལག་ན་རལ་གྲི་དང་ནེའུ་ལེ་ཐོགས་པ།། ཐལ་བ་དང་། ཞག་དང་། ཁྲག་གི
10b3 ཆོམ་བུས་མཚོན་པ། སྣ་ཆ་དྲིལ་བུ་དང་སེང་གེ་ལས་བྱས་པ།། ཉི་མ་དང་ཟླ་བ་ལུས་ལ་འཆར་བ། སྐུ་སྨད་གླང་གི་ཀོ་བས་བཀྲིས་པ། རྐང་པ་ལྕགས་སྒྲོགས་གིས་བརྒྱན་པའོ།།
10b4 ཁོལ་མོ་ནྱ་སྲིན་གྱི་མགོ་བོ་ཅན་ནོ།། འཁོར་ནི་མ་མོ་བསམ་གྱིས་མི་ཁྱབ་པའོ།། དཔལ་ཤན་པ་ནག་མེའི་རྒྱུད་ལས། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་དྲུག་པའོ།།
10b5 ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། མཉམ་ཉིད་རྡོ་རྗེའི་སྐུ་མཉེས་གསང་བའི་ལྷ།། མཚན་འཇོམས་པ་ཡི་དཔའ
10b6 བརྟུལ་དྲག་ཤུལ་ཅན།། ལྷ་མོ་ནག་མོ་སྲོག་གི་སྙིང་པོ་དང་།། བསྒྲུབ་པ་སྔགས་ཀྱི་སྙིང་པོ་ད་བཤད་འཚལ།། ཞེས་གསོལ་པ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།
10b7 ཨོཾ་རུ་རུ་བེ་ཏྲི་ཏ་བ་ཏོས།། རུ་རུ་རོ་རུ་བེ་ཏི་སྟ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿའདི་སྲོག་ལ་འདྲེན་པའི་སྔགས་ཡིན་ཏེ།། ས་ཡ་ཟླས་ནམ་མོ་སྔོན་དུ་མཐོང་།། བྱེ་བ་བརླས
10b8 ན་ཕྱག་རྒྱ་བསྟོན་པར་བྱེད།། འབུམ་གྱིས་དངོས་གྲུབ་མཚན་མ་སྟེར།། ས་མ་ཡ་དུ་ལི་ར་ཀྲ་སི། ཧེ་ར་ཀྵ། བྷྱོ་རཀྵ། དུ་རཀྵ། མ་རཀྵ། སིབྷྱོ།། དེ་ནི་ཁོལ་མོ་ཆུ་སྲིན་མགོ