| e-texts navigator |
| Wylie |
10a1 ལྷ་མའི། @#སྟན་ལ་ལོང་ཕྲེང་འཛིན།། རྨཥྚི་འཁྲུལ་ནེའུ་ལེ་ཐོགས།། ལྷ་མོ་སྤྱན་དབྱེ་མཆོད་པ་དབུལ།། དངོས་གྲུབ་གང་འདོད་གསོལ་བ་གདབ།། དཀྱིལ་འཁོར
10a2 དབུས་སུ་བཞུགས་སུ་གསོལ།། ལྷ་མོ་སྐུའི་ཐུགས་ཁར་ནི།། སྲིན་ལག་ཁྲག་གི་ཟླ་གམ་བྲི།། དེ་དབུས་ལྷ་མེའི་སྙིང་པོ་བྲི།། དེ་དབུས་རུས་ཆེན་སུམ་སྦྲུལ་གདགས།། གཙོ་མོ་བདག
10a3 བཟུང་བཟླས་པ་བྱ།། ཡང་ན་ལུགས་མ་དག་ལ་བྱ།། དེ་ལྟར་བྱས་ན་དངོས་གྲུབ་རྒྱུ།། དཔལ་ཤན་པ་ནག་མོའི་རྒྱུད་ལས།། སྐུ་གཟུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།།
10a4 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན།། ཡེ་ཤེས་སྐུ་འརང་བསྟན་པའོ།། དཔལ
10a5 ལྡན་ནག་མེ་རེ་མ་ཏི།། ཏིང་འཛིན་བསྒོམ་ཐ་བསྩལ་བཤོད།། ཅེས་གསོལ་པ་དང་།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷའི་དབང་པོ་བརྒྱ་བྱིན་ཉོན་ཅིག།། བདག་ཉིད་ནི།
10a6 དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱའོ།། ལྷ་མོ་ནི་སྐྱེ་བ་མེད་པའི་ངང་ལས་ཀྱེ་བའི་ཆོ་འཕྲུལ་བསྟན་ཏེ།། མ་ཧཱ་ཀ་ལི་བ་ཡ་བེ་སྥ་ར་ན་ཡཾ།། དེ་ནི་དཀྱིལ་འཁོར་བསྐྱེད་པའོ།།
10a7 ཨོཾ་མ་ཧཱ་ཀ་ལ་ཨ་ཀ་ནི་ཛྭ་ལ་ར།། དེ་ནི་མེའི་དཀྱིལ་འཁོར་བསྐྱེད་པའོ།། དེའི་དབུས་སུ་བྷཱུ་དྷྲི་ཤ་བྷཱི་ཤུད་དྷེ་ཀ་བ་ལ་ཧཱུཾ།། དེ་ནི་ཐོད་པའི་གཞལ་ཡས་ཁང་ངོ་།། གཏདྷ
10a8 དེ་ནི་བོང་བུ་དམར་ག་ལ།། མིག་གཞུག་མ་ལ་ཡོད་པ།། རླུང་གི་བཤོག་པ་ཡོད་པའོ། སྟི་ར་བ། བོང་བུའི་ཐོག་ཏུ་ཞིང་བསྣོལ་བའོ།། མ་ཧཱ་སུ་རྱ་མཎྜལ་ལ། ཉི་ཟླའི