| e-texts navigator |
| Wylie |
9b1 ཕྱག་འཚལ་བསྟོད་ཅིང་མཆོད་པར་བགྱི།། །། དེ་ནས་དཔལ་ལྷ་མོ་ནག་མོ་ལ་བྲམ་ཟེ་མཆོག་སྲིད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟོད་པ།། །། མ་ཅིག་ལྷ་མོ་དཔལ་ལྷམ
9b2 རྡོ་རྗེ་ལྷ་མོ་ནག་མེ་ཚེ།། མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས།། བཀྲ་ཤིས་མཆོག་གྲུབ་སེམས་གཏེར་ནས།། ཡིད་མྱུར་གཟུགས
9b3 ཆེན་ཀུན་དུ་དྲགས།། མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་།། དཔའ་བསྔལ་དྲུག་སྤྱོད་བརྩོན་འགྲུས་ཆེ།། འཐབ་མོ་གཡུལ་ལས་རྣམས་པར་རྒྱལ།། གཤིན་རྗེའི་སྲིན་མོ་ཡིན
9b4 པར་བསྟོད།། གོས་སུ་དར་གོས་སྔོན་པོ་གྱོན།། སྡུག་དང་མི་སྡུག་ཆ་ལུག་འཚང་།། སྤྱན་མག་འཐོད་ན་ཀུན་ཏུ་སྔགས།། དད་ཅིང་ཕྱོགས་པའི་མི་རྣམས་སྡུད།། རེས་འགའ
9b5 རི་རབ་ཟབ་མོར་གནས།། རེས་འགའ་ཚལ་དང་ཤིང་ལ་གནས།། རེས་འགའ་དུ་ཁྲོད་དབུས་ན་གནས།། ལྷ་མོའི་གན་སུ་བསྟན་ལ་འཆའ།། གལ་ཏེ་རི་དང་ཚལ་ཀུན་ཏུ།།
9b6 རྟག་ཏུ་ལྷ་མོ་ཁྱོད་བསྟོད་ན།། དེའི་དགོངས་པ་སྐོང་བར་མཛོད།། བདག་གིས་རྟག་ཏུ་བསྟོད་བྱས་ན།། བདག་གིས་བསམ་པ་འགྲུབ་པར་མཛོད།། རྨ་བྱའི་སྒྲོ་ལ་རྒྱལ
9b7 མཚན་བྱས།། རྟག་ཏུ་འཇིག་རྟེན་བསྲུང་བར་བྱེད།། གནས་ལུག་ཕྱུགས་རྣམས་འཕེལ་བར་བྱེད།། སེང་གེ་སྟག་དང་སྤྱང་ཀི་ཡིས།། རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་།
9b8 རྡོ་རྗེ་དྲིལ་ཆེན་རྣམས་པར་སྒྲོགས།། བྱིན་དེ་དྲིལ་སྒྲས་ཀུན་ཏུ་སྒྲོགས།། ལན་འགའ་ལག་ན་དྲི་ཤུལ་ཐོགས།། རེས་འགའ་ཉི་ཟླའི་རུ་མཚོན་འཕྱར།། མར་གྱི་ཚེ་དགུ་བཅུ་ཅིག