| e-texts navigator |
| Wylie |
7b1 འབར་བའི་ཀློང་དཀྱིལ་ནས།། རླུང་ནག་དགུ་ཀློངས་འཁྱིལ་པའི་ཕོ་བྲང་ནས།། མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྷབ་ཅིག་མ།།
7b2 དཔལ་ལྡན་ལྷ་མོ་ནག་མོ་རི་མ་ཏི།། ནག་མོ་ཟོ་བྱེད་རྔམས་པའི་མིཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གིས་རལ་པ་ཅན། ཁྱོད་ཀྱིས་སྐུ་མདོག་ནག་མོར་བཞུགས་པ་ནི། དོན་དམ
7b3 དབྱིངས་ལས་སྐྱོད་པ་མེད་པའི་རྟགས།། དབུས་སྐྲ་གཡས་ནས་གཡོན་ཏུ་ཁྱིལ་བ་ནི།། ཡུམ་གྱི་ཁམས་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་ཅག་ཏུ་ཁྱིལ་བ་ནི།།
7b4 དོན་དམ་དགོངས་སྤྱོད་ཅིག་ཏུ་མཛད་པའི་རྟགས།། རལ་པའི་བསེབ་ནས་མེ་ལྡག་འཕྲོ་བ་ནི།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུ་ལ་ཐོད་རློན་ཕྲེང
7b5 བ་བཅིངས་པ་ནི།། ཐུགས་རྗེའི་སྦྲུལ་སྐུས་འགྲོ་དོན་མཛད་པའི་རྟགས།། གཡས་ན་སྙན་ཆ་སེང་གེ་འཚོང་བ་ནི།། སྨན་མོ་ཐམས་ཅད་ཟིལ་གྱི་མནོན་པའི་རྟགས།། གཡོན་ན
7b6 སྦྲུལ་མགོའི་གདེང་ཁའ་ཕྱར་བ་ནི།། ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས།། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི།། སངས་རྒྱས་ཀུན་ལ་བསྙེན་བསྐུར་བྱེད་པའི
7b7 རྟགས།། སྤྱན་རྩ་དམར་ལ་སྡང་མིག་བགྲང་བ་ནི།། སྲིད་གསུམ་རྣལ་འབྱོར་དམ་ཚིག་བྱར་བྱེད་པའི་རྟགས།། ཞལ་གྱི་དྲག་པོ་ཧོམ་ཁུང་གདངས་པ་ནི།། བསྟན་པ་བཤིགས་པའི
7b8 རུང་སྒྲོལ་བའི་རྟགས།། བརྣོ་གདུག་མཆེ་བ་ཟུར་གསུམ་རྩིག་པ་ནི།། སྒྲལ་བའི་ཞིང་བཅུའི་ཤ་ལ་རོལ་བའི་རྟགས།། སྐུལ་ཞིང་དཔའ་གཡང་གཞི་གསོལ་བ་ནི།། ཡང