| e-texts navigator |
| Wylie |
6b1 པར་ཤེས་པ་དང་།། གདོང་ནས་གཉིས་མེད་སྙིང་པོ་སྒོམ་ནུས་ན།། གང་དག་དེ་ཉིད་ཁྱོད་ཉིད་བསྟོད་པ་ཡིན། ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས།། བསྐལ་པ་གྲངས་མེད
6b2 འདས་པར་རབ་ལྟས་ཀྱང་། ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས།། གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱི་མཐོང་། སྒྲ་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱིས། ཁྱོད
6b3 ནི་བོས་ཀྱང་བསྐལ་པར་མི་ཐོས་སྟེ།། འདི་དག་སྤངས་པའི་རྣལ་འབྱོར་དེ་ལས་ནི། ཁྱོད་ཀྱང་ཐོས་པ་དེ་ཡང་ཁྱོད་ཀྱི་མཐོས།། གང་ཞིག་ལུས་དགེ་བའི་ཁྱོད་སྒྲུབ་ལ།། བླུན་པོ་དེ
6b4 ཡིས་ནམ་ཀྱང་ཁྱོད་ཉིད་སྤངས།། ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ན།། མཆོད་ན་དངོས་གྲུབ་དེ་ཡིས་གཏེར་བར་འགྱུར། ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན
6b5 བསྡུད།། ཆོས་ཀྱིས་དབྱིངས་ན་རྒྱལ་བ་རྣམས་དང་རོལ།། ཟབ་མོ་དབུ་མའི་རང་བཞིན་བསྟོན་པའི་ཕྱིར།། མི་འཇེད་འཇིག་རྟེན་ཤིན་ཏུ་གཙུབ་པ་འདི།། ཕྱི་རོལ་ཚུལ་གྱིས
6b6 ཐམས་ཅད་འདྲེན་མཛད་མ། ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟག་པ།། སྒྲིབ་པ་མང་པོ་སྟོང་ཉིད་དང་དུ་གཤེགས།། སྟོང་ཉིད་དམ་པ་སྟོང་ཉིད་ཡང་དག་ཁྱོད།། སྟོང་པ་གཉིས
6b7 མེད་ཤེས་པ་རྣམས་ཀྱི་བསྟོད།། འདི་ལྟར་བསྟོད་པས་བསྟོད་པར་འགྱུར་གྲང་བས། ཁྱོད་ནི་སྟོང་པའི་ལུས་ཅན་མ་ཡིན་ཡང་།། བྱིས་པ་དྲངས་ཕྱིར་དོན་ལ་འདི་ལྟར་བསྟོད།
6b8 དེ་ནས་ན་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན། དཔལ་ལྡན་ལྷ་མོ་ལ་བསྟོད་པ།། དཔལ་ལྡན་ལྷ་མོ་དཔག་པར་བཀའ་བའི་དོན།། ཐབས་ཀྱིས་ཆོ་འཕྲུལ་ན་མཁའི་མཐའ