| e-texts navigator |
| Wylie |
1a1 དཔོལ་མགོན་པོ་ནག་པོའི་གཟུང་བཞུགས།
1a2 ། རྒྱ་གར་སྐད་དུ། ཤྲིན་པ་མཧཱ་ཀ་ལ་དྷ་ར། བོད་སྐད་དུ། འཕགས་པ་མགོན་པོ་ནག་པོ་ཞེས་བྱ་བའི་བཟུང་།། སངས་རྒྱས་དང་བྱང་ཆུབ་སེམས
1a3 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བདུད་བརྟུལ་ཏེ།། མངོན་པར་རྫོགས་པར་སངས་རྒྱས་ནས།།
1a4 རིང་པོ་མ་ལོན་པ་ཞིག་ན། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ། ལྷའི་སྡེ་དཔོན་ཆེན་པོ་ཚོགས་ཀྱི་བདག་པོ་མ་ཧཱ་ཀ་ལ།། འདོད་པའི་ཁམས་ཀྱི་དབང
1a5 ཕྱུག་དབང་སྐུར་བ།། དཔལ་མགོན་པོ་ནག་པོས།། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་སྷོ།། བཙུན་པ་བཅོམ་ལྡན
1a6 འདས་བདག་གི་རིག་པ་འདི་འབུལ་གྱི་བཞེས་སུ་གསོལ།། ཨོཾ་ཤྲི་ན་མ་མ་ཧཱ་ཀ་ལ། ག་ན་གུ་ཏ་སྭཱ་ཧཱ། ཨོཾ་ཤྲི་ན་མ་མ་ཧཱ་ཀ་ལ་ག་ནེ་ཤ་ཡ་ན་མ་ཡོ་ཀྲྀ་ན་ཎི་ན། ཏདྱ་ཐཱ། ཨོཾ་ཧི་ལེ་ཧི་ལེ།
1a7 ཀི་ཏེ་ཀི་ཏེ་ནི། ཅིད་དེ་ཅིང་དེ་ནི་སྭཱ་ཧཱ།། འདི་སྟོན་པས་གཙུག་ལག་ཁང་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བསྲུང་མ།། དུག་གསུམ་ནད་ཀྱི་སྨན་པ།། རིགས་འཛིན་ཡོངས་ཀྱི་སྲོག་ཤིང་།
1a8 རྣལ་འབྱོར་ཀུན་གྱི་དགྲ་ལྷ། འདུད་འདུལ་རྣམས་ཀྱི་དབང་ཕྱུག། སྲིན་པོ་ལང་ཀ་པུ་རི་འགྲོང་ཁྱེར་བཏན་ནས་རླག་པ། ལྷ་མ་ཡིན་གྱི་བུ་མོ་ན་མཁའ་ཀློག་ས་སྤྲིན་བརྡུལ་དུ་རློན་པ།
1a9 དཀོན་མཆོག་གསུམ་གྱི་བསྟན་པ་བསྲུང་བར་ཁས་གྲངས་ཤིང་དམ་བཅས་པ།། འཕགས་པ་མགོན་པོ་ནག་པོ་ཆེན་པོ་ཞེས་བྱ་བའི་གཟུང་རྫོགས་སྷོ།། ས་ནན་དུ་བྱང་བས།