| e-texts navigator |
| Wylie |
5a1 བངོན། @#། དགེ་འདུན་རྣམས་ཀྱི་སྣ་དྲངས་ལ།། དམོང་དང་བཅོལ་བའི་ལས་རྣམས་བྱ།། བསྐོར་བ་བྱ་ཞིང་ལས་མགོན་ཆད།། ཡུལ་ཁམས་བསྐོར་ཞིང་གཙང་སར
5a2 སྐྱལ།། རིམས་དང་འཁྲུག་བཞི་པར་བྱེད།། དེ་ནས་ལས་ཀྱི་མགོན་པོ་བྱ་རོག་གདོང་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཐུགས་ཁར་ཐིབས་སོ།། རྣམ་ཐོས་སྲས་ཀྱིས་སླར་བཅོམ་ལྡན
5a3 འདས་ལ་གསོལ་པ།། ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ།། དགེ་འདུན་མི་མཐུན་ཆོས་མི་དར།། དུས་ངན་སྡེ་འཁྲུགས་མཚོན་གྱིས་གསོད།། སེར་ཆགས་རྣམས་ནི་མཚོན་གྱི་གསོད།
5a4 གསང་སྔགས་རྒྱུད་སྡེ་ནུབ་ནས་ནི།། མུ་སྟེགས་ལོག་ཆོས་དྲར་བའི་དུས།། དེ་དུས་བསྟན་པ་ང་ཡིས་སྲུང་། ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
5a5 དང་།། རྣམ་ཐོས་བུ་གནོད་སྦྱིན་གདུག་པ་ངའི་འཁོར་བཞི་ཁྱོད་ཀྱིས་སྐྱོངས་ཤིག།། དགེ་འདུན་གྱི་བསྟན་པ་ཁྱོད་ལ་གཏད་དོ།། བྱ་རོག་གདོང་ཅན་རྒྱུད་དུ་བཟུང་།།
5a6 སྦས་པ་ཡུལ་གྱི་རྒྱུད་དུ་བཟུང་།། གསང་བ་སླབ་པའི་རྒྱུད་དུ་བཟུང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྗེས་སུ
5a7 ཡིད་རང་ཤིང་དགའོ།། ལས་མགོན་བྱ་རོག་གདོང་གི་རྒྱུད་ལས་ལེའུ་སྟེ་བཅཝོ་ལྔ་པའོ།། ཁ་ཎའི་ཉན་ཏུ་རྫོགས་སྷོ། དགེའོ།།