| e-texts navigator |
| Wylie |
4b1 བཏང་།། དངོས་གྲུབ་འདོད་ན་མཆོད་པ་རྟག་ཏུ་འབད།། དང་པོ་བསྙེན་པའི་ལས་ནི་ཤིན་དུ་བཅེས།། བྱ་ནག་གཡག་ནག་མི་ནག་དང་།། མ་མོ་གར་བྱེད་དང་།། ཅེས་མ་ཤིས་དང་།
4b2 ཤོ་བྱུང་དང་།། གངས་དང་སེར་བ་དངོས་སུ་འབྱུང་།། ཐོག་དང་འུར་སྒྲ་རེམ་སྒྲ་དང་།། དར་ནག་ཐོགས་དང་དུང་དཀར་ཐོགས།། ལྕེ་ལ་མེ་ཏོག་སྐྱེས་པའོ།། རྒྱལ་པོའི་ཚུལ
4b3 དུ་དབང་བསྐུར་རོ།། ལུང་སྟོན་འབྱུང་དང་སྐད་སྙེན་འབོད།། དམིགས་ལྟས་གསལ་བར་མཐོང་བ་ནི།། ལས་མགོན་བྱ་རོག་གདོང་གིས་ལྟས།། དངོས་སུ་འབྱུང་ནམ་མེའི་ལྷས།
4b4 དེ་ལས་གང་ལ་ཐོགས་མེད་དོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་རྟགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། མཛེ་ཐོད་སྐྱ་བོ་ཤ་མེད་པར། ལས་ཀྱི་མགོན
4b5 པོ་ཡབ་ཡུམ་སྦྱར།། དུག་དང་བྱང་བ་སྐྱེ་ཚེ་དང་།། ཉ་སྦྲུལ་ཐལ་བ་ལྕོང་མའི་ཤ།། ལང་ཀ་རྩུ་བ་དང་སྦལ་པའི་གཟུགས། འོ་མ་མར་དང་སྦྲང་རྩིས་མཆོད། ཨོཾ་མ་ཧཱ་ཀ
4b6 ལ་ན་ག་མ་ར་ཡཱ་ཏྲག་ཤང་ཐུ་ཐུ་ཚོང་ཚོད།། རྩ་ཁྲོས་ནག་བདུར་ལིང་ལིང་།། འཇིབ་འཇིབ་ཏྲག་རག་ཤད་མ་ར་ཡཱ།། ན་ག་ཙང་ནས་སོད།། ཏྲག་ཤད་ཆེ་གེ་མོའི་ཙི་ཏ་ཧུར་ཐུམ
4b7 རྦད་ནོད་ཅེས་ཐུན་དུ་བྲབ་བོ།། བསྐྱེད་ཅིང་སྙིམ་པ་དང་།། མཆོད་ཅིང་བསྟོད་པའོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས། གཏད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།
4b8 འབྲས་ཆན་ཞོ་དང་འོ་མ་དང་།། ཏལ་དང་ཁྲེ་དང་སྲན་མའི་ཆན།། དེ་ལ་གཏོར་ཆེན་རབ་ཏུ་བྱ།། ཆང་གི་སྐད་དང་མར་མེ་བལྟམས།། རོ་ལ་ཆ་དཀྲོལ་ཞིང་དུང་མང་འབུད།།