e-texts navigator
Collection
Volume
Page
Wylie

3b1 ཨོཾ་མཧཱ་ཀ་ལ་ཧ་ན་ཧ་ན། ཆེ་གེ་མེའི་རག་ཏ་ལ་ཁ་ཁ་ཁ་ཧཱི་ཁ་ཧཱི། ཨོཾ་མ་ཧཱ་ཀ་ལ་ད་ཧ་ད་ཧ་ཆེ་གེ་མེའི་ཙིཏྟི་ལ་ཁ་ཁ་ཁ་ཧཱི་ཁ་ཧཱི།། ཨོཾ་མ་ཧཱ་ཀ་ལ་བ་ཙ་བ་ཙ། ཆེ་གེ་མོའི་གོ་རོ་ཅན་ལ་ཁ་ཁ་ཥ།
3b2 ཧཱི་ཁ་ཧཱི། ཨོཾ་མ་ཧཱ་ཀ་ལ་མ་ར་ཡ་མ་ར་ཡཱ་ཆེ་གེ་མོའི་བ་སུ་ཏ་ལ་ཁ་ཁ་ཁ་ཧཱི་ཁ་ཧཱི། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་རྒྱུད་ལས་ལེའུ་དགུ་པའོ།། །། དེ་ནས་ཟློག་པར་འདོད་པ་ན།
3b3 དུག་དང་ཁྲག་དང་སྐྱེ་ཚེ་དང་།། ཉུང་དཀར་ཉུང་ནག་བྲའོ་དང་།། སྲན་ཆེན་ལ་ནི་གཏོར་མ་བྱ།། ལས་མཁན་ཡབ་ཡུམ་ཁ་སྦྱར་རབ།། དམ་ཚིག་མགོན་པོ་བསྐྱེད་ལ་ནི།། ཡེ་ཤེས་མགོན
3b4 བེ་སྟིམ་པར་བྱ།། འཇིག་རྟེན་མགོན་པོ་མཆོད་བྱ་སྟེ།། ལས་ཀྱི་མགོན་པོ་ཟང་བར་བྱ།། མ་ཧཱ་ཀ་ལ་ཏྲག་ཤད་དམ་ཏྲག་ལིང་།། མ་མ་ལི་ལི་ཙིབི་ཅིབཆོད་ཆོད་ཐུ་བྲུཾ་མ་ར་ཡ་ཟློག། གཏོར
3b5 ཚུགས་འོག་ཏུ་སྦའོ།། །། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་བཅུ་པའོ།། །། དེ་ནས་ལས་བྱེད་དུ་མ་འདོད་ན།། རང་ཉིད་དམ་ཚིག་མགོན་པོར་བསྐྱེད།། ཡེ་ཤེས
3b6 མགོན་པོ་སྤྱན་དྲངས་ལ།། འཇིག་རྟེན་མགོན་ལ་བྷ་ལིང་དབུལ།། ལས་ཀྱི་མགོན་པོ་དཀྲུག་པར་བྱ།། ཕཊ་ཧཱུཾ་ཏྲཾ་ཧྲི་ན་གྷ་ན་ལ་ཀ་ཧཱ་མུ།། ཨོཾ་ཏྲ་ག་ཤད་མ་མ་ལྕིབ་ལྕིབ་ཆོད་མོད་བྲུཾ་བྲུཾ་གཞི
3b7 ཀཱ་ར་གིང་ཀ་ར་མཐུན་མགོན་པོའི་གཟུགས་ལ་གདེང་ཞིང་ལིང་ག་ལ་བྲབ་པོ།། ཡུམ་ལས་ལས་ལ་རྦད་དོ།། དེ་རང་དབང་མེད་པར་ལས་བྱེད་དོ།། ལས་ཀྱི་མགོན་པོ་བྱ་རོག་གདོང
3b8 གིས་རྒྱུད་ལས། ལེའུ་བཅུ་གཅིག་པའོ།། །། དེ་ནས་ནུའི་བསྐལ་པ་ལས།། འཐུན་གྱིས་བསྒྲུབ་པ་ནི། ཉུང་དཀར་ཉུང་ནག་དུག་དང་ཁྲག། ལུག་ནག་སྙིང་དང་གཡག་ནག་སྙིང་།།




iiif viewer powered by OpenSeadragon

3a - 4a

Texts on this page

F766 - las kyi mgon po bya rog gdong can gyi rgyud