| e-texts navigator |
| Wylie |
2b1 བན་དྷ་ཁྲག་གིས་བཀང་། ཨོཾ་མ་ཧཱ་ཀ་ལ་གྷུན་ཧྲི་ཏ་ཧཱུཾ་ཕཊ།། བསྙེན་པའི་གྲངས་ནི་ཐིམས་པར་སྐྱལ།། གཏོར་མ་བཏང་ཞིང་མཆོད་བསྟོད་བྱ།། ལས་ཀྱི་མགོན་པོ་བྱ་རོག་གདོང་ལས།།
2b2 བསྙེན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཏོར་མའི་བྱ་བ་ནི།། ཤ་སྣ་ཚོགས་གཏོར་མ་ཤར་དུ་བགོད། ཁྲག་སྣ་ཚོགས་གཏོར་མ་ལྷོ་རུ་བཞག། ཙིཏྟའི་གཏོར་མ་ནུབ་ཏུ་བཞག།
2b3 རུས་པ་སྣ་ཚོགས་གཏོར་མ་བྱང་དུའོ།། དེ་ལ་དམིགས་པ་བྱིན་གྱིས་བརླབ།། ཨོཾ་ཨ་ཧཱུཾ།། སྦྱང་དང་སྤེལ་དང་བརྩི་རབ་སྒྱུར། ཨོཾ་མ་ཧཱ་ཀ་ལ་ཧ་ན་བཛྲ། གྷཱ་ན་ཧི་ཏ་བྷིན་བྷིན། ཧ་ན་ཧ་ན།
2b4 དཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཆེ་གེ་མོའི་མཾ་ས་རག་ཏ་ཙིཏྟ་གེ་རོ་ཙ་ན། བ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་དབུལ་བར་བྱའོ།། །། ལས་ཀྱི་མགོན་པོ་བྱ་རེག་གདོང་གི་རྒྱུད
2b5 ལས་ལེའུ་བཞི་པའོ།། །། ཕྱི་ནང་གསང་བའི་བརྟེན་རྣམས་ནི།། ཕྱི་སྲོག་ལུག་ནག་གཡག་ནག་ལ།། སྙིང་པོ་བྲིས་ལ་བརྟེན་དུ་གཟུགས།། ནང་རྟེན་མདའ་དང་དར་ནག
2b6 གསོབ།། སྙིང་པོ་སྔགས་དང་བཅས་པ་བཅང་།། གསང་རྟེན་གྲི་དགོད་གཡུལ་ཤིའི་སྙིང་།། ནང་དུ་སྲོག་སྙིང་པོ་བྲི།། དར་ནག་དྲིལ་ལ་ལུས་ལ་བཅང་།། དེས་ནི་ལུས
2b7 དང་གྲིབ་མས་འགྱུར།། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས་ལེའུ་ལྔ་པའོ།། །། དེ་ནས་གསང་བར་བྱ་བ་ནི།། ཚ་བ་གསུམ་དང་མོན་པའི་ཁྲག། ཉུང་དཀར་ཉུང
2b8 ནག་སྐྱེ་ཚེ་དང་།། ཚ་བའི་རྫས་དང་པུང་དགོད་རྣམས།། སྐྱེར་བའི་ཤིང་ལ་མེད་སྦར་ནས།། ལས་ཀྱི་མགོན་པོས་གསད་པར་བྱ།། ཏིང་ངེ་འཛིན་དང་གཏོར་མ་ཡང་།། རྣལ