| e-texts navigator |
| Wylie |
2a1 མནོ། @#ངའི་ལས་མཁན་པར་མན་འཛབ་ཁྲག་འཇིབ་ལ།། འདི་ཡིས་ལས་རྣམས་ཐམས་ཅད་སྒྲུབ།། ཅེས་བཀའ་སྩལ་ཏོ།། འཇིགས་བྱེད་དཔའ་བལ
2a2 བཀའ་ལ་ཉན་ཅེས་གསོལ་ཏོ།། ངའི་ལས་རྣམས་མཚོན་ཆ་འདྲ་ཞེས་གསུངས་སོ།། ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་ལས།། གླིང་གཞིའི་ལེའུ་སྟེ་དང་པོའོ།།
2a3 དེ་ནས་བསྙེན་བསྒྲུབ་ལས་ཀྱིས་རིམས།། གསང་དང་ཟློག་དང་མནན་པ་དང་།། བསྲེག་དང་གཏོར་མ་ཏིང་འཛིན་དང་།། གནང་ལ་དབབ་དང་གཟིར་བ་དང་།། ལྷས་དང་ཆོ་འཕྲུལ
2a4 ཆ་བའི་རིམས།། ཡུམ་གྱིས་གསང་དང་བྷ་ལིང་གསང་།། ཕྱི་ནང་གསང་བའི་བརྟེན་བཅའ་བའོ།། གའུ་ཐོད་པའི་གཞལ་མེད་ཁང་།། དེ་ལྟར་རྡོ་རྗེ་འཆང་ལ་སྨྲས་སོ།། ལས
2a5 ཀྱི་མགོན་པོ་བྱ་རོག་གདོང་ཅན་ལས་ལེའུ་གཉིས་པའོ།། །། དེ་ནས་བསྙེན་པའི་རིམས་པ་དང་།། དུར་ཁྲོད་ས་ནག་བླངས་ནས་ནི།། རོལ་ཆ་སྣ་ཚོགས་དཀྲོལ་ནས་ནི།། དེ་ལ་མ
2a6 བལ་བྱ་བར་གསུངས།། གྲུ་གསུམ་ནག་པོ་ཁ་ཁྱེར་ཅན། ཁྱི་མེའི་གཡང་གཞི་དགྲམ་པར་བྱ།། དེ་སྟེང་བུད་མེད་གཙང་མའི་ཀ་པཱ་ཡ།། དེ་སྟེང་གའུ་ཁ་སྦྱར་ནས།། གྲི་དགོད
2a7 སྙིང་ལ་བརྟེན་ཀྱང་བཅའ།། དེ་སྟེང་གྲི་ཁྲུག་བཞག་པར་བྱ།། སྟེང་ནས་ངར་ནག་གུར་གྱིས་དབུབ།། ཕྱི་ནང་གསང་བའི་བརྟེན་བཙུགས་ལ།། ཤ་ཁྲག་སྣ་ཚོགས་གཏོར་མ
2a8 བཤམས།། ཧཱུ~ཾ་ལས་ལས་ཀྱི་མགོན་པོ་ནི།། ཡན་ལག་འཐུང་ཞིང་འགྱེལ་བ་དང་།། འཁྲོས་པའི་མདོག་ཅན་བྱ་རོག་གདོང་།། གཡས་པ་གྲི་ཁུག་ནག་པ་ཐོགས།། གཡོན་ན