| e-texts navigator |
| Wylie |
1b1 ། རྒྱ་གར་སྐད་དུ། ཀརྨ་མ་ཧཱ་ཏན་ཀ་ལ་ཁཱ་ཏ་ཏན་ཏྲ། བོད་སྐད་དུ། ལས་ཀྱི་མགོན་པོ་བྱ་རོག་ཅན་གྱི་རྒྱུད།། དཔལ་ཁྲག་འཐུང་ནག
1b2 པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན།། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་སྙན་པའི།
1b3 ཚེ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཉིད།། མ་ཧཱ་ཀ་ལ་བྱ་རོག་གདོང་ཅན་དུ་སྤྲུལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་ངན་བསྟན་པ་བྱུང
1b4 བའི་ཚེ།། སངས་རྒྱས་བསྟན་པ་ཉམས་པར་འགྱུར།། མ་ཧཱ་ཀ་ལ་ནག་པོ་ཆེ།། འདི་ཡིས་བསྟན་པ་བསྲུང་བར་བྱེད།། ལྷ་ཆེན་དཔལ་འབར་འཁྲོས་པ་ཡིས།།
1b5 ཐུགས་མགོན་ནག་པོ་ཆེན་པོ་ཉིད།། དེའི་ལས་མཁར་བྱ་རོག་གདོང་།། ང་ཡིས་སངས་རྒྱས་བསྟན་པ་བསྲུངས། ཞེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས
1b6 འཁོར་རྣམ་བཞི་སྐྱོང་བ་དང་། དཀོན་མཆོག་དབུ་འཕངས་བསྟོད་པར་གྱིས།། སྔགས་འཆང་བསྟན་པ་ཁྱོད་ཀྱིས་བསྲུངས།། ལས་ཀྱི་མགོན་པོ་བྱ་རོག་གདོངས།
1b7 དུས་ངན་བརྩོད་པ་དར་བའི་ཚེ།། སངས་རྒྱས་བསྟན་པ་རང་གིས་འཇིག། དེ་དུས་ཁྱེད་ཀྱིས་བསྟན་པ་བསྲུངས།། ཅེས་བཀའ་སྩལ་ཏོ།། བྱ་རོག་གདོང་གིས་ཞུས་པ