| e-texts navigator |
| Wylie |
7a1 མགོན། ཏུ་སྦྱར།། དེའི་འོག་མ་ཞབས་སུ་སྦྱར།། ཨའི་མགོ་བོས་མགོ་བོར་རྒྱན།། དེ་ནས་རྩའི་འོག་མ་བླངས།། ཨིའི་འོག་མ་རབ་སྦྱར་བྱ།། ཡིགེ་བདུན་པ་བདུན
7a2 ཕྲག་བདུན།། བཟླས་པས་དངོས་གྲུབ་ཐོབ་པར་འགྱུར།། ཡང་ནི་བརྒྱད་པའི་དང་པོ་བླངས།། གཉིས་པའི་འོག་མ་འོག་ཏུ་སྦྱར།། དེའི་འོག་མས་མགོ་བོར་རྒྱན།། ཨཾ་གེ་ཐིག་ན
7a3 ངས་རྒྱན།། དེ་བཞིན་དྷཱའི་ཐོག་མ་བླངས།། མའི་ཐོག་མ་བླང་བ་ཉིད།། དེ་བཞིན་སའི་སྟེང་མ་བླང་།། ཡིའི་སྟེང་མ་བླང་བ་ཉིད།། དེ་བཞིན་ཉའི་སྟེང་མ་བླང་།། ཡང་ནི་དེའི་འོག
7a4 མ་བླང་།། དེ་བཞིན་ཤའི་འོག་མ་བླང་།། ཡང་ནི་པའི་སྟེང་མ་བླང་།། རིའི་སྟེང་མས་བརྒྱན་པར་བྱ།། ཡང་ན་བརྒྱད་པའི་དང་པོ་ཐོང་།། ངའི་ཐོག་མའང་དེ་བཞིན་བླང་།། སའི་ཐོད
7a5 མའང་བླང་བ་ཉིད།། ཡང་ནི་ཏྲའི་ཐོག་མ་བླང་།། ཊའི་མགོ་བོ་སྤྱི་བོར་རྒྱན།། ཡང་ནི་པའི་སྟེང་མ་བླང་།། དེ་བཞིན་ཛྷའི་གོང་མ་སྦྱར་ཡང་ནི་བརྒྱད་པའི་དང་པོ་བླང་།། ཏའི་ཐོག
7a6 མའི་མགོ་བོར་རྒྱན།། དེ་བཞིན་བརྒྱད་པའི་དང་པོ་བླང་།། ཡང་ནི་བའི་དང་པོ་བླང་།། ཨིའི་ཐོག་མ་ཞབས་སུ་སྦར།། ཐའི་ཐོག་མས་སྤྱི་བོར་རྒྱན།། ཡང་ནི་བརྒྱད་པའི་དང་པོ་བླང
7a7 དེ་བཞིན་ངའི་སྟེང་བབྲང་།། དེ་བཞིན་པའི་སྟེང་མ་སྦྱར།། དེ་བཞིན་པའི་འོག་མ་བཟུང་།། ཐའི་འོག་མ་སྟེང་དུ་ཆུད།། ཡང་ནི་ཛྷའི་འོག་མཐང་།། ཡང་ནི་བརྒྱད་པའི་དང་པོ་བྲང་།
7a8 མའི་གོང་བ་དེ་བཞིན་བླང་།། ཡང་ནི་སའི་གོང་མ་ཐང་།། དེ་བཞིན་ཡའི་འོག་མ་ཐང་།། ཡང་ནི་བརྒྱད་པའི་དང་པོ་ཐོང་།། ཉིའི་འོག་མ་བླང་བར་བྱ།། དེ་བཞིན་དྷའི་གོང་མ་སྦྱར།། ཡ