e-texts navigator
Collection
Volume
Page
Wylie

2a1 @#མང་པོ་བཤམས། ད་རུང་ང་འདས་ནས་ཀྱང་ང་ཡི་བསྟན་པ་ལ་གནོད་དེ། མུ་སྟེགས་ཀྱི་སྟོན་པ་མགོལ་ཞེས་བྱ་བར་སྐྱེས་ནས། སངས་རྒྱས་ཀྱི་སྙན་པ་འཛག་པར
2a2 བྱེད་པའི་སྟེགས་སུ། ད་ལྟ་ང་ཡི་ལུས་ལ་བྱ་ཐལ་དོར་བ་འདི་ལ་ལྟོས་ཅིག། དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་དེའི་ནང་ནས།། རིགས་གནས་པའི་བྱང་ཆུབ་སེམས་དཔའ།།
2a3 ལི་རྩ་བྱི་དྲི་མི་མེད་པར་བྲགས་པ།། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསུངས་བྱིན་གྱིས་རླབ
2a4 བ་ཅན་ཡིན་པས།། དེའི་དུས་སུ་མུ་སྟེག་ཀྱི་སྟོན་པ་དེ་འདུལ་བའི་མཉེན་པོར་བདག་བསྐོ་བར་འཛད་ཏུ་གསོལ།། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ད་ནི་མྱ
2a5 ངན་འདས་གྱུར་ནས། ལོ་ནི་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོག་བྷེ་ཏིའི་ཡུལ་དུ་ནི།། དགེ་སློང་དཔལ་ལྡན་ཆེར་གྲགས་པ།། དེ་མིང་ཀླུ་ཞེས་རྗོད་པ་ཡིན།། ཡོད་དང་མེད་པའི་ཕྱོགས
2a6 ཞིག་ན། ངའི་སྟན་པ་རྒྱས་པར་བྱེད། ཅེས་ལུང་སྟན་ནོ།། དེ་ན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེ་ཚེ་འཕོས་བྲམ་ཟེའི་བཙུན་པ་ཀླུ་གྲུབ་པ་ཅེས་བྱ་བར་ལུང་བསྟན་ནོ།། དེ་ནས་ཡང
2a7 དྲིལ་མཚོའི་ལྷོ་ཕྱོགས་ན།། དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀྱི་སྤྲུལ་པ་དེར་བྱོན་ནས།། འདས་དང་མ་བྱོན་ད་ལྟར་གྱི།། སངས་རྒྱས་སྟོན་པ་བསྲུང་བ་དང་། རྣལ་འབྱོར
2a8 གྲུབ་པའི་གྲོགས་བྱེད་དོ།། ཅེས་གསུངས་སོ།། དེ་ནི་སྔོན་དུ་བྱུང་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ལིནཱ་དྲི་མ་མེད་པར་གྲགས་པ་དེས།




iiif viewer powered by OpenSeadragon

1b - 2b

Texts on this page

F765 - dpal nag po chen po bya rog gdong can zhes bya ba'i rgyud kyi rgyal po