e-texts navigator
Collection
Volume
Page
Wylie

1b1 @#།། རྒྱ་གར་སྐད་དུ། ཤྲི་ཀ་ཝཱན་ཏན་ཏྲ་ར་\ུ0f7f་མ་ཧཱ་ཀ་ལ་ནམ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།།
1b2 བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྡོམ་པ་རང་བྱིན་གྱི་རླབས་པའི་གནས་དེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན
1b3 འདས་ཡུལ་ཀ་ལ་པུ་ར་ཞེས་བྱ་བ་ན། འཁོར་ལྔ་སྡེ་བཟང་པོ་ལ་ཆོས་སྟོན་པའི་ཚེ།། བྱ་ནག་པོ་གཅིག་ན་མཁའ་ལ་རྒྱངས་སྟེངས་སུ་འཕུར་ནས་བྱ་ལུང་བོར་ཏེ། བཅོམ
1b4 ལྡན་འདས་ཀྱིས་སྐུ་ལ་གོས་པར་གྱུར་པ་དང་། བཅོམ་ལྡན་འདས་ཞལ་འཛུམ་པ་དང་བཅས་ཏེ། བཞད་པར་འགྱུར་རོ།། དེའི་ཚེ་འཁོར་དེའི་ནང་ནས། འཕགས
1b5 པ་ཀུན་དགའ་བོ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་སྟེ། ཀྱེ་ཡང་དག་པར་རྫོགས་པའི་སངས་རྒྱས
1b6 རྒྱུ་དང་རྐྱེན་མེད་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་དང་རྐྱེན་ཅི་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། རིག་ཀྱི
1b7 བུ་ཉོན་ཅིག། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུགས་ཅེས་བྱ་བ། ནག་པོའི་བསམ་པ་ཅན་དེས། སྔོན་གྱིས་དུས་ན་ཡང་ངལ་མགྲན་བཅུག་ནས་བར་དུ་བཅོད་པ




iiif viewer powered by OpenSeadragon

1a - 2a

Texts on this page

F765 - dpal nag po chen po bya rog gdong can zhes bya ba'i rgyud kyi rgyal po