| e-texts navigator |
| Wylie |
231b1 བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་སྟན་ལ་ཕབ་པའི་ལེའུ་སྟེ། བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདྲ
231b2 དེ་བཞིན་གཤེགས་པ་དགེས་པ་ཆེན་པོས་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ།། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག། ཕྱག་རྒྱ་ཆེན་པོའི་ཕྱག་འཐིལ་དུ།
231b3 ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། སོར་ནི་བཞིའི་ཚད་དུ་བྱ།། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྙིང་པོ་ལྔ་དང་སྨན་ལྔ་དང་།། བདུད་རྩི་ལྔས་ནི་རབ་བསྙས་ལ།། རིག་པས་ཐིག་གདབ་པར
231b4 བྱ།། ལྟེ་བས་རྩིབས་དང་ལྡན་པ་ཡི།། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས།། གྲུ་ཆད་བཞི་དང་གྲུ་བཞི་ཡི།། བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ།། དབེན་བཟླུམ་ཙམ་གྱི་ཉི་ཟླ་ལ།།
231b5 རྩ་ནི་འབྲུ་ཙམ་པདྨོའི་གདན།། ཡུངས་འབྲུ་ཙམ་གྱི་ཡ་ཡི་གེ་ལ།། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི།། བཅོས་བུ་རས་ནི་སྣ་ཚོགས་དང་།། བརྒྱན་འཕྲེང་བཏུང་དང་ཕྲོ་བས་བསྐོར།། གླུ་ཅིག་བྲོ་གར
231b6 རོལ་མོ་ཡི།། སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད།། ཡུམ་དང་འཇོམ་སེམས་མ་ཡིས།། ཇི་ལྟར་འདོད་པའི་ལས་བཞིན་མཆོད།། དབྱིབས་དང་ཁ་དོག་མཚན་ལྡན་པར།། ཞལ་དུ་གྱུར་པའི་མེ་བོས་ལ།