| e-texts navigator |
| Wylie |
222a1 རྒྱུད་ཆེན་པོ་ལས། ཆོས་ཐམས་གཏན་ལ་ཕབ་པའི་ལེའུ་སྟེ། གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུག་རྩེ་ཅིག་ཏུ་གྱུར་ནས།། མཉམ་པ་ཉིད
222a2 ཆེན་པོའི་ཚུལ་གྱིས་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་གདོད་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་འདི།། སྐུ་དང་གསུང་དང་ཐུགས་རྡོ་རྗེ
222a3 ལས་གཡོ་བར་རབ་ཏུ་གསལ་བའི་ཡི་གེའི་རྒྱལ་པོ་རྣམ་པར་འཕྲོ་བ་ཉིད་གསུངས་པ། ཨ་དེ་ལས་དེ་ཕྱིར་རྣམ་འཕྲོས་པ། ཙམ་ལས་མ་ལུས་ཕྱོགས་ཀུན་ཏུ། ཤིན་ཏུ་ཕྲ་བའི་ཨ་ཡིག་གི།། ཨ་ཡིག་ངེས་པར
222a4 འཕྲོ་བ་ཅན།། དེ་ཡི་ཕྱོགས་བཅུ་མུ་མེད་པ།། འཇིག་རྟེན་ཁམས་སུ་གསལ་བྱས་ཕྱིར། བརྟན་ཞིང་བསྡུས་དང་མཉམ་པའོ།། དེ་ཡི་ཉམས་དང་འཕེལ་བ་མེད།། དེ་ལས་མིང་ཚོགས་གསལ་འབར་ཀུན།། སྲེ
222a5 བསྔ་དེ་དེ་ཞིན་ངེས་འཕྲོ་ཅན།། གསང་བ་རྡོ་རྗེའི་དངོས་གྲུབ་འདི།། ཡེ་ཤེས་བསྐྱེད་པའི་རྒྱུ་རུ་བརྟན། ཨཱ་ཨ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་བྷ་ཎ། ཏ་ཐ་ད་དྷ་ན། པ་པ་བ་བྷ་མ། ཡ་ར་ལ་ཝ།
222a6 ག། ངས་ཧཱ་ཀྵ་ཨི་ཨེ། ཨུ་ཨཱུ། རི་རེ། ལི་ལེ། ཨེ་མེ། ཨོཾ་མཻ། ཨཾ་ཨ། འདི་དག་བྱང་བ་ཙམ་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ཤིང་མུ་མེད་པ་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ་གསྷོ།