e-texts navigator
Collection
Volume
Page
Wylie

207b1 བཅུ་དུས་བཞིར་གཤེགས་པའི།། བདེར་གཤེགས་ཡོན་ཏན་སྨད་པོ་ཆེ།། གཞན་ན་ཡོད་པ་མ་ཡིན་ཏེ།། ལྷ་སྲིན་སོགས་པ་སྨོས་ཅི་དགོས།། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།
207b2 ཕྱག་རྒྱ་ཆེན་པོར་རྫོགས་འགྱུར་ཞིང་། གསལ་བའི་ཡིད་གཉིས་མེད་པས་ན།། དཀྱིལ་འཁོར་ཆེན་པོར་འབར་བར་འགྱུར།། ཞེས་བརྗོད་པས། མཉེས་པའི་མཆོད་པ་ཆེན་པོས།
207b3 འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ། བཅཝོ་བརྒྱད་པའོ།།
207b4 དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ།། བླ་མེད་ཐེག་པར་རབ་ངེས་ནས།། ཉོན་མོངས་ལས་རྣམས་ཀུན་སྐད་ཀྱང་།
207b5 བྱས་ལ་མི་སོགས་འགྱུར་བ་ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚེགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་།། ཇི་སྙེད་སྡོམ་པ་བསམ་ཡས་པ།
207b6 མ་ལུས་ཀུན་འདས་རྣམ་པར་དག། ཡོད་མེད་དབུ་མ་མི་དམིགས་ཤིང་།། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་ཀྱང་བཅད་དུ་མེད།། སྲོག་དང་སྐྱེས་བུའི་ལོག་རྟོག་ཙམ།། བདེན་པ




iiif viewer powered by OpenSeadragon

207a - 208a

Texts on this page

F753 - dpal gsang ba'i snying po de kho na nyid rnam par nges pa