e-texts navigator
Collection
Volume
Page
Wylie

198b1 འཁོར་ལ་དགེས་པ་ཆེན་པོའི་གླུ་བླངས་སོ།། ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ།། བསོད་ནམས་དཀྱིལ་འཁོར་སྐྲ་ཡི་ཚོགས།
198b2 སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ།། ཨོཾ་རྡོ་རྗེ་བསོད་རྣམས་ཐིག་ལེ་ཆེ། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། རྡོ་རྗེ་ནྡན་མཐའ་ཡས་ལ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ།
198b3 ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེན།། ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས།། ཡེ་ནས་ལྷན་རྫོགས་ཀུན་ཏུ་བཟང་།། འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ།། ཨོཾ་མི
198b4 དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ།། མཐའ་ཡས་ཀུནྡས་ལྷུན་གྱིས་ཐིམ།། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ།།
198b5 ཨོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། རྒྱལ་པོའི་དོན་རྣམས་རྡུལ་ཕྲན་རྙེད།། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི།། སྐད་ཅིག་ཉིད་ལ་ལྷུན་གྱིས་གྲུབ་ཧོ།། ཨོཾ་ཐམས
198b6 ཅད་མ་ལུས་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།། སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ།། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ།། ཞེས་ཆེད་དུ་བསྒྲག




iiif viewer powered by OpenSeadragon

198a - 199a

Texts on this page

F753 - dpal gsang ba'i snying po de kho na nyid rnam par nges pa