| e-texts navigator |
| Wylie |
196b1 རྒྱས་སྙེད་མི་འགྱུར།། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མཚོལ་ཅིག། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས།། དཀྱིལ་འཁོར་ཐམས་ཅད
196b2 འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མཆད་ནའང་།། སྐྱོད་ཉིད་དག་སྟེ་ཉེས་པ་མེད།། ཅེས་ཆེད་དུ་བརྗོད་པས།། རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ།།
196b3 གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཚོགས་བསྒྲུབ་པའི་ལེའུ་སྟེ། བཅུ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཞིའི།། སྐུ
196b4 གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས།། དགེས་པ་ཆེན་པོས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག
196b5 ཤིན་ཏུ་གསང་བའི་སྙིང་པོ།། སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། །། མ་རྟོགས་པ་དང་ལོག་པར་རྟོགས།། ཕྱོགས
196b6 རྟོགས་ཡང་དག་ཉིད་མ་རྟོགས།། འདུལ་བ་བཀོད་པ་གསལ་བ་དང་།། རང་བཞིན་གསང་བའི་དོན་རྣམས།། ཡེ་ཤེས་སྒྲས་རྟགས་མིང་ཚོགས་ལ།། བརྟེན་པའི་ཚིག