| e-texts navigator |
| Wylie |
195b1 སེམས་མ་ཉིད་དུ་བསྒོམ།། སོ་སོའི་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ཡང་དག་སོ་སོར་གསལ།། གནས་དང་ལོངས་སྤྱོད་ཅི་བདེ་དང་།། མ་ཉམས་བློ་ནི་རབ
195b2 ལྡན་ནས།། དང་པོ་དམ་ནོས་བཞིན་དུ་བྱས།། ལེ་ལོ་བསྒྱིད་སྙོམས་མེད་པ་ཡིས།། ཐེ་ཚོམ་མེད་པར་སྒྲུབ་བྱས་པས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།།
195b3 རྡོ་རྗེ་གསང་མཆོག་དམ་པ་ཐོབ།། སྒྲུབ་པའི་ཞག་དང་ཚེས་གྲངས་ནི།། རྒྱུད་ལ་མོས་པ་བཞིན་དུ་བཤད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཅེས་དེ་བཞིན་གཤེགས་པ
195b4 ཉིད་ལ་ཆད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ།། བཅུག་པའོ།།
195b5 དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་ལ་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ།། བརྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི
195b6 བརྗོད་དོ།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། དཀྱིལ་འཁོར་སྙན་པའི་ཏིང་ངེ་འཛིན།། བྲོ་གར་འདུ་འགྲོའི་ཕྱག་རྒྱ་ཡིས།། འཛུམ་ལམ་ན་མཁར་འགྲོ་བར་འགྱུར།།